86
ག་ག་ཚིལ་བྱེད་པའི་ལྟུང་བྱེད། འབའ་ཞིག་པ་དགུ་བཅུའི་རེ་གསུམ་པ། སྐྱི་གཡའ་བར་འདོད་པའི་སེམས་ཀྱིས་
དགེ་སློང་གི་ལུས་ལ་རེག་པའོ།

ག་གོན། (1)ཞ་ཉེ་ནག་པོ། (2) ཉུང་མ། (8) རྣམ་འགྲེལ་ཊིཀ་ཆེན་རིགས་པའི་རྒྱ་མཚོ་ལས། ག་གོན་ནི་ཤིང་ཏོག་
འབྲས་བུ་ཆེན་པོ་སྨིན་པ་
ན་རོ་སྐྱུར་ཞིང་ནང་ན་ཁུ་བ»་མང་བ་འདུ་བའི་ནད་ཕལ་བ་ལ་གནོད་པའོ་ཞེས་པ་
ལྟར་རོ
ཞེས་བསྟན་དར་ལྷ་རམས་པ་གསུང་།
ག་ཆ་ད་། དོན་མེད་དུ་ཐང་ཆད་པ། སྤྱོད་འཇུག་ལས། བྱེ་མའི་ཁང་བུ་རྡིབ་གྱུར་ན། བྱིས་པ་རྣམས་ནི་ག་ཆད་
ངུ་།
དེ་བཞིན་བསྟོད་དང་གྲགས་ཉམས་ན། རང་གི་སེམས་ནི་པྱིས་པ་བཞིན། ཞེས་གསུངས་པ་ལྟར་
རོ།
ཞེས་བསྟན་དར་ལྷ་རམས་པ་གསུང་།
ག་ཎ་པ་ཏི། ལེགས་སྦྱར ཚོགས་བདག་སྟེ། དབང་ཕྱུག་ཆེན་པོའི་བུ་ཚོགས་བདག་གླང་སྣའི་མིང་ངོ་།
ཀཱ་ཝི། ལེགས་སྦྱར བ་ལང་།
ག་ལ།
གང་དུ། དཔེར་ན། ཡུལ་སྐད་དུ་ག་ལ་འགྲོ། ཞེས་པ་ལྟ་བུ།
ག་ལ་བ། གང་དུ་གཤེགས་པའམ་བཞུགས་པའི་གནས། དཔེར་ན། བཅོམ་ལྡན་འདས་ག་ལ་བ་དེར་ཕྱིན་
ཏོ།
ཞེས་པ་ལྟ་བུ།
ག་ལ་ཞིག། ག་ལ་སྲིད་དེ་མི་སྲིད་ཅེས་པའི་དོན། རྗེའི་འཇམ་དབྱངས་བསྟོད་སྤྲིན་རྒྱ་མཚོ་ལས། སྐྱོབ་པ་ཁྱོད་ལ་
ནམ་མཁའ་ཇི་སྲིད་ད་དུ།
ཆོས་ཀྱི་སྐུ་ལས་གཡོ་བ་ག་ལ་ཞིག། ཅེས་གསུངས་པ་ལྟར་རོ།
ག་ལས་འཇིགས་མེད། དབུ་མ་རྩ་བ་ཤེས་རབ་ཀྱི་འགྲེལ་པ་ག་ལས་འཇིགས་མ་ད། སློབ་ད་པོན་ཀླུ་སྒྲུབ་ཀྱིས་མཛད།
མདོ་སྡེ་འབར་གྱི་འགྱུར། སྒྲ་བཤད་ནི། གང་ལའང་འཇིགས་པ་མེད་པས་ན་དེ་སྐད་ཅེས་ཞེས་བྱ་སྟེ། ག་
ལས་འཇིགས་མེད་ཀྱི་
མཇུག་ཏུ་རང་དང་གཞན་གྱི་གྲུབ་པའི་མཐའ་སྨྲ་བའི་ཕྱོགས་ག་ལས་ཀྱང་འཇིགས་པ་
མེད་པ་
ཞེས་གསུང་ས་པ་ལྟར་རོ། ལམ་སྒྲ་ན་གྱི་རང་འགྲེལ་ལས། སློབ་དཔོན་ཉིད་ཀྱིས་མཛད་པའི་ག་ལས་
འཇིགས་མེད།
ཅེས་པ་ལྟར་བུ་སྟོན་རིན་ཆེན་གྲུབ་སོགས་བོད་སྔ་རབས་པ་དག་ག་ལས་འཇིགས་མེད་རྩ་
ཤེའི་རང་འགྲེལ་དུ་
བཤད་ཀྱང་། རྗེ་ཙོང་ཁ་པ་ཆེན་པོས་དེ་རྩ་ཤེའི་རང་འགྲེལ་མིན་པར་གསུང་ས་ཏེ།
ལེགས་བཤད་སྙིང་པོ་ལས། རབ་འབྱེད་ཉེར་བདུན་པའི་འགྲེལ་པ་ག་ལས་འཇིགས་མེད་ལས། བཅུན་པ་
འཕགས་
པ་ལྷས་ཀྱང་། ཉན་པ་པོ་དང་མཉན་བྱ་ལ། སྨུ་པོ་འབྱུང་བ་ཤིན་ཏུ་དཀོན། དེ་ཕྱིར་མདོར་ན་
འཁོར་བ་ནི།
མཐའ་ཡོད་མ་ཡིན་མཐའ་མེད་མིན། ཞེས་བཤད་དོ། ཞེས་བཞི་བརྒྱ་པའི་ལུང་ཤེས་


tibetan OCR www.dharmabook.ru
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*