གང་ཟག་གི་བསམ་པ་ལ་དགོངས་པ། དགོངས་པ་ཅན་བཞིའི་ནང་གསེས། གང་ཟག་གི་བསམ་པ་ལ་དགོངས་པ
་ནི།
སྦྱིན་པ་ཙམ་གྱིས་ཆོག་པར་འཛིན་པའི་གཉེན་པོར་སྦྱིན་པ་ལ་སྨད་ནས་ཚུལ་ཁྲིམས་ལ་བསྔགས་པ་ལྟ་བུ།
དགོངས་ལྡེམ་དགོངས་གཉིས་མདོ་གཅིག་ལ་འང་ཚང་བ་ཡོད་པས་དེ་གཉིས་འགལ་བ་མིན་པར་གསུངས།
གང་ཟག་བརྒྱུད་པའི་བླ་ བཀའ་བརྒྱུད་ རྒྱལ་བ་རྡོ་རྗེ་འཆང་ནས་རང་གི་རྩ་བའི་བླ་མའི་བར་དུ་བྱོན་པའི་མན་
ངག་སྒོམ་སྲོལ་མ་ཉམས་ཤིང་།
སློབ་མའི་རྒྱུད་ལ་ཉམས་རྟོགས་ཁྱད་པར་ཅ་ན་བསྒྲུབ་ནུས་པ། རང་གིས་ལྟ་
བ་ཇི་ལྟར་རྟོགས་པ་བཞིན་གཞན་ལ་ཤེས་རབ་ཀྱི་གོ་འབྱེད་ནུས་པ།
རྣམ་རྟོག་སྐུ་དྲིན་ཅན་དུ་ཤེས་ཏེ་གང་
བྱུང་ཤེས་རབ་ཀྱི་གྲོགས་
སུ་བསྒུར་ཏེ་གསོས་འདེབས་པ། མི་མཐུན་པའི་རྐྱེན་འགལ་ཕྱོགས་དག་ཀྱང་མཐུན་
རྐྱེན་ཡོན་ཏན་དུ་བསྒུར་ནུས་པ། འཁྲུལ་པ་ཐམས་ཅད་རྣམ་རྟོག་ངོ་མ་ཤེས་པས་འཁྲུལ་པ། ཡང་རྣམ་རྟོག་
སེམས་སུ་ཤེས་པས་རྟོག་པ་ལམ་དུ་བྱེད་པ་ནི་མ་འཁྲུལ་
པ་ཡིན་ལ། རྣམ་རྟོག་དེ་ལྟར་དུ་ཤེས་པས་ཆོས་
ཐམས་ཅད་ནམ་མཁའ་ལ་
གདུང་བསྐོར་བ་ལྟར་ཐོགས་རྡུགས་མེད་པར་ཤེས་པའི་ཤེས་རབ་ཀྱི་གོ་འབྱེད་
ནུས་པ་སྟེ་དེ་དག་དང་ལྡན་པའི་དགེ་
བཤེས་གཉེན་རྣམས་སོ།
གང་ཟག་རང་དབང་ཅན། འདུལ་བ བསྙེན་པར་རྫོགས་ནས་སྡོམ་རྒྱུད་བར་མ་ཆད་པར་ལོ་བཅུ་ལོན་པའི་བརྟན་
པའི་ཡན་ལག་དང་ལྡན་ཞིང་།
འདུལ་བ་ཤེས་ན། གང་ཟག་རང་དབང་ཅན་ཞེས་བྱའོ། སྒྲ་བཤད་ནི།
གནས་ཀྱི་བླ་མ་ལ་བརྟེན་མི་དགོས་པར་རང་དབང་དུ་འདུག་ཏུ་རུང་བའི་གང་ཟག་ཡིན་པས་ན་དེ་སྐད་ཅེས་
བྱའོ།
གང་ཟག་རང་དབང་ཅན་མ་ཡིན་པ། འདུལ་བ བསྙེན་པར་རྫོགས་ནས་ལོ་བཅུ་མ་ལོན་པའམ་འདུལ་བ་མི་
ཤེས་པའི་
རབ་བྱུང་། སྒྲ་བཤད་ནི། གནས་ཀྱི་བླ་མ་ལ་མ་བརྟེན་པར་རང་དབང་དུ་འདུག་ཏུ་མི་རུང་བའི་
གང་ཟག་ཡིན་པས་ན་དེ་སྐད་ཅེས་བྱ།
གང་ལ་ལ། གང་ཞིག། སུ་ཞིག། འགའ་ཞིག། སུ་ཡང་རུང་བ་ཞིག། ཁ་ཤས།
གང་ས་དཀར་ཏེ་ས། སྟོད་མངའ་རིས་ཕྱོགས་སུ་ནང་པ་དང་། ཧིན་དུ་གཉིས་ཀའི་རྩ་ཆེར་འཇིན་པའི་གངས་རི་
ཞིག་སྟེ།
ལེགས་སྦྱར་དུ། ཀཻ་ལ་ཤ་དང་། ཕྱི་རྒྱལ་བས་( 1 6ཞ་1 1) ཟེར། ཏེ་སེའམ། ཏི་སི་ནི་
ལེགས་སྦྱར་གྱི་སྐད་ལ་
གངས་རིའི་མིང་ཡིན་པར་བཤད། སྤྱི་ལོ་བརྒྱ་ཕྲག་བཅུ་གཅིག་པའི་ནང་གང་ས་དཀར་
ཏེ་སེ
འི་རྩེ་མོར་རྗེ་བཅུན་མི་ལ་བཞད་པ་རྡོ་རྗེས་རྫུ་འཕྲུལ་གྱིས་ཕེབས་པ་མགུར་འབུམ་་ན་ པོར་
གསལ།
ཞེས་དང་། གངས་དཀར་ཏེ་སེ་དང་། མཚོ་མ་ཕམ་གྱི་གནས་བཤད་ཞིབ་པ་འབྲི་གུང་གདན་


tibetan OCR www.dharmabook.ru
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*