98
གྲོང་ཁྱེར་གྱི་ས། (4) ཁ་ཆེ་གྲི་བསྟན་ཞེས་པ་གྲོང་ཁྱེར་འབུམ་ཕྲག་སོ་དྲུག་ཡོད་པར་གྲགས་པ་ལ་བཞད། (2) གྲོང་
ཁྱེར་པ་ཏྲ་ལི་
བུ་ཏྲ་ཞེས་བཱརཱི་པས་བཞེད། པ་ཏྲ་ལི་པུ་ཏྲ་е-1གཞ ཞེས་པ་དེང་སང་པཊ་ན་( е- )
ཞེས་པ་བི་ཧར་གྱི་མངའ་སྡེའི་རྒྱལ་ས་དེ་ཡིན་པར་སེམས། པ་ཊ་ལི་བུ་ཏྲ་ཞེས་བྲིས་དགོས་སམ་སྙིམ་ཡང་མ་དཔེ་སྟར་རང་
འརྔགས་བཞག།
གྲོང་ཁྱེར་ལྟ་ན་སྡུག རི་རབ་ཀྱི་རྩེ་མོ་ན་སུམ་ཅུ་རྩ་གསུམ་པའི་ལྷའི་གནས་ཡོད། དེའི་དབུས་ན་གྲོང་ཁྱེར་ལྟ་ན་
སྡུག་ཅེས་བྱ་བ་ཡོད།
དེའི་སྐོར་རྒྱས་པ་མཆིམས་མཛོད་ ན་གསལ།
གྲོང་ཁྱེར་ཙམ་པ། ཙ་མ་པ་ཞེས་པའི་ཐད་དུ་གཟིགས།
གྲོང་ཁྱེར་ཙམ་པ་ཀ། གྲོང་ཁྱེར་ཙ་མ་པ་དང་འདྲ།
གྲོང་མཐར་གནས་པ། (4) གྲོང་གི་ཕྱི་རོལ་ཏུ་གནས་པ། (2) མོན་ཡུལ་གྱི་བྱེ་བྲག་ཅིག་ཏུ་བཞེད།
གྲོང་དུ་རྦུ་བའི་ལྟུང་བྱེད། འབའ་ཞིག་པ་དགུ་བཅུའི་གྱ་གཅིག་པ། རང་གི་ཚིག་གིས་དགེ་འདུན་ཟས་ལ་སྤྱན་
དྲ་ང་ས་པའི་ཚེ་ཟས་བྲིམས་པ་ཡོལ་བར་མ་བྱེད་ཅེས་
སྦྱིན་བདག་ལ་མ་བསྒོ་བར་ཁྱིམ་གསུམ་དུ་རྒྱུ་བའོ།
གྲོལ་ལམ། བདག་མེད་རྟོགས་པའི་བློ་ལ་ཟེར། དེ་ལས་གཞན་མི་རྟག་སོགས་རྟོགས་པའི་བློ་ནི་གྲོལ་ལམ་མིན་པར་
རྒྱུད་
སྦྱོང་བྱེད་དུ་གསུངས་སོ། རྗེའི་སྔགས་རིམ་ཆེན་མོ་ལ་གཞི་བྱས།
གྲོང་དལ། (4) གྲོང་ཁྱེར་དང་འདྲ་བ་ཆུང་ངུ་ཟོང་བཀྲམ་པ་དང་བཅེར་བ་དང་ལྡན་པའོ། ད་གེ་ལེགས་བཤེས་གཉེན་
གསུང་། (2) ཚོང་པ་མང་པོ་ཡོད་པའི་གནས་ཀྱི་མིང་ཡིན་པར་མཚོ་ཊིཀ་གསུང་། བཅེར་བ་ནི་སྤུང་ས་པའི་
དོན་ཡིན།
གྲོལ་བའི་ཐིག་ལ།
རྫོགས་རིམ་གྲོལ་བའི་ཐིག་ལེ་དང་འདྲ། སློབ་དཔོན་སང་ས་རྒྱས་ཡེ་ཤེས་ཞབས་ཀྱིས་མཛད།
གླ་བོ་དྲིན་དུ་གཅགས་པ། (4)དྲིན་གྱིས་བསྐྱངས་པ་ལ་གཞན་གྱིས་ཐུགས་རྗེ་ཆེ་ཞེས་ལེགས་སོ་སྟེར་བ་ལ་ཟེར།
དགེ་བཤེས་པོ་ཏོ་བས། གླ་བོ་དྲིན་དུ་གཅགས་པ་རེ་ཡང་མེད། ཅེས་པ་ལྟ་བུ། (2)ཡ་ང་ན། གླ་བོ་ནི་གླེང་
མོ
འམ་བསླབ་བྱ། དྲིན་དུ་གཅ་གས་པ་ནི། དྲིན་བྱས་པ་སེམས་ལ་བཞག་པའི་དོན་ནོ།
གླ་རྔན་མི་སྟེར་བའི་སྤང་ལྟུང་། སྤང་ལྟུང་སུམ་ཅུའི་ཉེར་གསུམ་པ་ནི། ཐག་པ་ཁྱིམ་པ་ལ་གོས་འཐག་བཅུག་སྟེ་གླ་
རྔན་མི་སྟེར་བར་ཐགས་བཅད་པ་ནའོ།
གླགས་བལྟ་བ། གླགས་འཚོལ་བ་དང་དོན་འདྲ། གླགས་འཚོལ་བ་ལ་གཟིགས།


tibetan OCR www.dharmabook.ru
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*