ངའོ་སྙམ་པའི་བློ་འདིས་ང་དེ་ཇི་ལྟར་བཟུང་ངེས་པར་བྱེད་པ་སྟེ། དེ་ལ་ཡང་སྔོན་དུ་སྣང་བའི་འཆར་ཚུལ་
དང་།
དེ་ནས་ཞེན་པའི་འཆར་ཚུལ་གཉིས་ལ་རིམ་པ་བཞིན་ཐ་དད་དུ་གཉེན་པོ་བསྟེན་དགོས། ལྟ་ཚུལ་
ཡང་
ངའོ་སྙམ་པའི་བློ་མ་ཤོར་བར་བྱས་ནས། བློ་གཞན་ཞིག་གིས་ཟུར་ནས་བལྟ་དགོས་པ་ཡིན་ཏེ། དེ་ལྟར་
བལྟས་པ་ན་
ཐོག་མར་ཕུང་པོ་འཆར་བ་དང་། མི་འཆར་བ་གཉིས་དང་། འཆར་བ་ལ་ཡང་ང་དེ་ཕུང་པོའི་
དཀྱིལ་ན་གནས་པ་ལྟར་དུ་འཆར་བ་དང་། ཕུང་པོ་ལས་གཞན་མི་འཆར་བ་དང་། མི་འཆར་བ་ལ་ཡང་
ཅང་མེད་ཀྱི་
སྟོང་སང་བ་ལྟ་བུ་དང་། ཁ་དོག་གཟུགས་ཀྱི་རྣམ་པ་ལྟ་བུ་འཆར་བ་ནི་འཆར་ཚུལ་རྣམ་དག་
མིན།
དེས་ན་བློ་ལྷན་སྐྱེས་འདི་ལ་ང་དེ་ཡུལ་གང་ལ་ཡང་ལྟོས་པ་མེད་པ་འདྲ་བའི་རང་ངོས་ནས་ལྷང་ངེ་
འཆར་བ་ཞིག་འཆར་ལ། དེ་ཉིད་ཐ་སྙད་ཧྲང་ངེ་བ་དང་། ཕོབ་ཕོབ་པ་དང་། ནུས་པ་ལྷང་ངེ་བ་དང་།
ལམ་མེ་བ་དང་། གང་དང་སྦྱར་ཡང་འཆར་བ་འདྲ་བ་ཞིག་འོང་ང་ངོ་། སྣང་བ་དེ་ཡང་ཡུན་ཐུང་བས་ཕྲེང་
ཙམ་
རེ་ལས་མི་འཆར། དེ་ཡང་བློ་དེ་དང་མཉམ་དུ་སྔོན་ནས་གྲུབ་གྲུབ་པ་ཅིག་དྲན་པ་ལྟར་དུ་འཆར་ཞིང་།
འཆར་ཚུལ་དེ་ལ་ཡང་ཕུང་པོ་དང་གཅིག་ཐ་དད་གཉིས་ཀའི་འཆར་ཚུལ་འབྱུང་ང་ངོ་། དེ་ཡང་ང་ན་ཞེས་པ་
དང་།
ང་འི་ལག་པ་ན་ཞེས་པ་ལྟ་བུའོ། ལྷན་སྐྱེས་ཀྱི་སྣང་བ་དེ་མ་དོར་བར་ང་བྱ་བ་བྱེད་དོ། ཞེས་པ་ལྟ་བུ་
ནི་
ངར་ཞེན་པ་ཡིན་ན་ནོ། ངའོ་སྙམ་པའི་བློ་ནི་ང་འགྲོ་ང་སྡོད་སྙམ་པ་རྣམས་སོ། དེ་ལྟར་འཆར་ཚུལ་ངེས་
ནས་
དེ་ལྟར་གྲུབ་ན། ཕུང་པོ་ལས་གཅིག་ཐ་དད་གང་རུང་ལས་མི་འདའ་བའི་ཚུལ་དང་། གཅིག་ཐ་དད་
གཉིས་ཀ་
ལ་གནོད་པ་ཡོད་པའི་ཚུལ་བསམ་སྟེ། ང་སྣང་བ་དེ་ལྟར་གྲུབ་པ་མི་འདུག་པར་ལྷང་གིས་ངེས་པ་
ན་ངེས་ཤེས་
ལྷང་ལྷང་བ་བར་མ་ཆད་དུ་སྐྱོང་བ་ནི་སྐྱོང་ཚུལ་གྱི་གནད་དམ་པའོ། དེ་ཆེ་དགག་བྱ་གསར་དུ་
གསལ་
བཏབ་ནས། དེ་ལྟར་དུ་མེད་སྙམ་དུ་བྱེད་པ་ནི་མ་ཡིན་ཏེ། དང་པོར་དགག་བྱ་གསལ་བཏབ་སྟེ། དེ་
ལྟར་མེད་པར་ངེས་པའི་
ངེས་ཤེས་ལྷང་གིས་སྐྱེས་པའི་མེད་དགག་དེ་ཉིད་ལ་རྩེ་གཅིག་ཏུ་འཇོག་པའོ། དེ་
ལ་གནད་བཞི
ར་བྱས་ན། དང་པོ་དགག་བྱ་ངེས་པ། གཉིས་པ་ཁྱབ་པ་ངེས་པ། གསུམ་པ་ཕྱོགས་ཆོས་ཀྱི་
ཟུར་དང་པོ་ངེས་པ། བཞི་པ་ཕྱོགས་ཆོས་ཀྱི་ཟུར་གཉིས་པ་ངེས་པ་དང་བཞི་ཡིན་ལ། དེ་ལ་བོགས་འདོན་པ་
ནི།
མཉམ་རྗེས་ཀྱི་སྐྱོང་ཚུལ་གཉིས་ལ་མཁས་པས་འདོན་པ་ཡིན་ལ། གེགས་སེལ་ཆད་ལྟ་ནི། གནད་ད་ང་
པོ
འི་ཚད་མ་ངེས་ན་མི་འབྱུང་ཡང་། བདག་ཆད་ཀྱིས་དོགས་པའི་འཇིགས་པ་ནི། རྗེས་ཐོབ་ཀྱི་སྣང་བ་སྐྱོན་
མེད་འདི་
ཀས་སེལ་ནུས་སོ། སྟོང་ཉིད་རྒྱང་ཆད་དུ་བསྒོམས་ན་བདེན་གྲུབ་ཀྱི་རྟག་མཐའ་བསྒོམ་པར་
འགྱུར་བའི་
བློ་དང་བསྲེས་ནས་དབྱེར་མེད་དུ་བསྒོམ། ང་ཡི་བའི་འཆར་ཚུལ་ནི། ང་འོ་སྙམ་པའི་བློ་སྤྱི
འདིའི་འཆར་ཚུལ་ང་ཡི་འོ་སྙམ་དུ་བསམས་པ་ན། བློ་དེ་དང་མཉམ་དུ་ལིང་ཆད་དུ་ཆར་ཆར་བ་འདྲ་བ་


tibetan OCR www.dharmabook.ru
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*