ཞིག་འཆར་ལ། དེ་ཉིད་སྣང་བ་ལྟར་དུ་གྲུབ་ན། མིག་རྣ་སོགས་དང་གཅིག་ཐ་དད་གང་དུ་གྲུབ་ངེས་ལ།
གཅིག་ཏུ་གྲུབ་ན་ཐ་དད་གཏན་མེད་དུ་འགྱུར་བས་མིག་གིས་ཀྱང་སྒྲ་ཐོས་པར་འགྱུར་ལ། རྣ་བས་ཀྱང་
གཟུགས་མཐོང་བ་སོགས་སུ་འགྱུར་རོ། ཐ་དད་དུ་གྲུབ་ན། ང་ཡིའོ་སྙམ་པའི་བློ་དེ་ཉིད་ཀྱིས་ཡུལ་ལ་
ལོང་ས་སྤྱོད་པ་དང་། ང་ཡི་བ་རྣམས་ང་ཡི་བདེ་བ་སྒྲུབ་བྱེད་མ་ཡིན་པར་འགྱུར་བས། དེ་ལྟར་ངེས་པ་
དྲ་ང་ས་ནས་སྐྱོང་ཚུལ་སྔར་ལྟར་བྱེད་པ་ཡིན་ནོ། དེ་ནས་ཤེས་པའི་འཆར་ཚུལ་ལ་བལྟས་ཏེ། དེ་ཡང་ཡུལ་
རང་
དབང་དུ་སྤྱོད་པ་དང་འདྲ་བའི་ཚུགས་ཐུབ་ཏུ་འཆར་རོ། དེ་ཡང་ངེས་པ་འདྲེན་ཚུལ་དང་། སྐྱོང་
ཚུལ་མཉམ་རྗེས་
སོགས་ཐམས་ཅ་ད་སྔར་ད་ང་འདྲའོ། དེ་ནས་རང་རྒྱུད་ཀྱི་ཕུང་པོའི་སྟེང་དུ་གཏན་ལ་ཕབ་
སྟེ་བསྒོམ་།
དེ་ནས་གང་ཟག་གཞན་དང་རང་རྒྱུད་ཀྱིས་མ་བསྡུས་པའི་ཆོས་ཐམས་ཅ་ད་ཀྱི་སྟེང་དུ་བསྒོམ་
ོ།
དེའི་ཆར་ཚུལ་ནི། ཀ་བ་ལྟ་བུ་དེ་སྔར་ནས་གྲུབ་གྲུབ་པ་འདྲ་བ་བརྟན་ཚུགས་པའི་རྣམ་པར་འཆར་
ོ།
ཞེས་རྗེ་ཙོང་ཁ་པ་ཆེན་པོ་གསུང་ངོ་།
དགག་བྱ་ངོས་འཛིན་ཁྱབ་ཆེས་པ། འགོག་མཆམས་མ་ཟིན་པར་ཐལ་ཆེས་པ་ལ་ཟེར། དེ་ཡང་རང་གི་ངོ་བོས་
ཡོད་པ་དང་ཡོད་པ་གཉིས་ཀྱི་ཁྱད་པར་ཕྱེ་ཐུབ་པར། བུམ་པ་ལྟ་བུ་རང་གི་ངོ་བོས་ཡོད་པ་བཀག་པ་ན་དེ་
ཉིད་
ཐ་སྙད་དུ་ཡོད་པ་འཇོག་མ་ཤེས་པར་ཡེ་མེད་དུ་སོང་ན། དགག་བྱ་ངོས་འཇིན་ཁྱབ་ཆེས་པ་ཡིན། དེ་
ལ་ཆད་མཐར་ལྟུ
ང་བ་ཞེས་ཀྱང་བྱའོ།
ད་གག་བྱ་ངོས་འཛིན་ཁྱབ་ཆུང་བ། རང་བཞིན་ཁྱད་པར་གསུམ་ལྡན་ལྟ་བུ་དགག་བྱར་ངོས་བཟུང་ན། དགག་བྱ་
ངོས་འཛིན་ཁྱབ་ཆུང་ས་པ་
ཡིན་ནོ། དེའི་རྒྱུ་མཆན་ན་ནི། འདི་དག་བཀག་ཀྱང་ཆོས་རྣམས་རང་བཞིན་མེད་
པ་ཉིད་དུ་རྟོགས་པའི་དབུ་མའི་ལྟ་བ་རྒྱུད་ལ་སྐྱེ་
བ་མེད་པས་སོ། རང་བཞིན་ཁྱད་པར་གསུམ་ལྡན་ན་ནི།
ངོ་བོ་རྒྱུ་རྐྱེན་གྱིས་མ་བསྐྱེད་པ། གནས་སྐབས་གཞན་དུ་མི་འགྱུར་བ། རྣམ་འཇོག་གཞན་ལ་མི་ལྟོས་
པ་
དང་གསུམ་། མུ་གུ་ལྟ་བུའི་སྟེང་དུ་རང་བཞྭིན་ཁྱད་པར་གསུམ་ལྡན་ཁེགས་ཀྱང་མུ་གུ་རང་བཞིན་མེད་
པ་རྟོགས་
མི་ད་གོས་པ་ནི། སེམས་ཅམ་པ་ལྟ་བུའོ། རང་བཞིན་ཞེས་པ་འདིར་ད་གག་བྱ་ལ་ཟེར། གཞི་མུ་གུ་
ལྟ་བུ་
རྒྱུ་རྐྱེན་གྱིས་བསྐྱེད་པ། སྐད་ཅིག་བི་ས་འཇིག་པ། ཚུ་རོལ་ལ་ལྟོས་ཏེ་ཕ་རོལ། རིང་པོ་ལ་
ལྟོས་ཏེ་ཐུང་
འུ་འཇོག་པ་ལྷ་བུའི་ཐ་སྙད་རྣམ་འཇོག་གི་རྟེན་འབྲེལ་དུ་རྟོགས་པ་ཙ་མ་གྱིས་གནས་ལུགས་
མཐར་ཐུག་རྟོགས་པར་མི་
འཇོག་ཅེས་བྱ་བའི་དོན་ན་ནོ།


tibetan OCR www.dharmabook.ru
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*