105
ན། སྐྱབས་འགྲོའི་དགེ་བསྙེན། སྣ་གཅིག་སྤྱོད་པ། སྣ་འགའ་སྤྱོད་པ། ཕལ་ཆེར་སྤྱོད་པ། ཡོངས་རྫོགས་སྤྱོད་
པ།
[མིང་ཆེན་གྱིས་ཞུས་པའི་མདོ་དོ་དང་། མཛོད་འགྲེལ་ལས་ལྔ་གསུངས། མིར་ཆེན་ནི་འཁོརལྔ་སྡེའི་ཡ་ཕྱལ་ལོ0ཚང་ས་
སྤྱོད་དགེ་བསྙེན་དང་
དྲུག་གོ། རྗེའི་འདུལ་བ་རྒྱ་མཚོའི་སྙིང་པོ་ལས་དྲུག་ཏུ་གསུངས་ཏེ0སྣ་གཅིག་སྣ་འགའ་ཕལ་
ཆེར་
སྤྱོད། ཡོངས་རྫོགས་སྤྱོད་དང་ཚངས་སྤྱོད་ད་དང་། སྐྱབས་འགྲོའི་དགེ་བསྙེན་རྣམ་པ་དྲུག། ཅེས་
གསུངས།
མཚོ་ཥྚྲཱཀལས དེ་སྟེང་དུ་གོ་མིའི་དགེ་བསྙེན་དང་བདུན་དུ་གསུངས་ཀྱང་། དེ་ནི་བསྙེན་གནས་
ཡིན་པས་དགེ་བསྙེན་དུ་བཏགས་པ་ཙམ་ཡིན་པར་གསུངས་སོ།
དགེ་འདུན། (4) ཚོགས། ངེས་ཚིག་ནི། འདུས་པས་ན་དགེ་འདུན། ཞེས་རྗེའི་གསང་སྔགས་ཀྱི་ཚུལ་ཁྲིམས་ཀྱི་
རྣམ་བཤད་དངོས་
གྲུཁ་སྙེ་མ་ལས་གསུངས། ཡང་ན་མི་ཕྱེད་པས་ན་དགེ་འདུན། བརྒྱད་སྟོང་པའི་དཀའ་
འགྲེལ་སྙིང་པོ་མཆོག་ལས།
དགེ་འདུན་ནི་ཚོགས་ཏེ། དེཇི་ལྟར་དགེ་འདུན་ཡིན་ཞེ་ན། མི་ཕྱེད་པས་ན་
དགེ་འདུན་ཏེ།
སངས་རྒྱས་ཚོས་དང་དགེ་འདུན་ནི། བདུད་རྣམས་བྱེ་བ་བརྒྱ་ཡིས་ཀྱང་། གང་ཕྱིར་དབྱེ་
བར་མི་ནུས་པས།
དེ་ཕྱིར་དགེ་འདུན་ཞེས་བྱ་འོ། ཞེས་གསུངས། ཡང་ན་དབྱེར་མེད་གཅིག་ཏུ་འཚོགས
པའི་ཕྱིཕྱིར།
མི་ཕྱེད་པ་ཞེས་བྱ་སྟེ། བི་མ་ལི་མི་ཏྲའི་ཤེསསྙིང་འགྲེལ་པ་ལས། དེ་དག་མང་པོའཚོགས་པས་
དབྱེར་རྨེད་པའི་ཕྱིར་དགེ་འདུན་ནོ། ཞེས་གསུངས། (2) འཕགས་པའི་གང་ཟག (8)སོ་སྐྱེའི་དགེ་སློང་བཞི་
གྲྭ་གཅིག་གམ་དེ་ཡན་ཆད་ལ་དགེ་འདུན་ཟེར། སྒྲ་བཤད་ནི། དོན་དམ་པའི་དགེ་བ་ནི་ཐར་པ་ཡིན་ལ་དེ་ལ་
འདུན་པ
འམ་དོན་དུ་གཉེར་བའི་གང་ཟག་ཡིན་པས་དེ་སྐད་ཅེས་བྱའོ།
དགེ་འདུན་གྱི་དབྱེན་གྱི་ལྷག་མ། ལྷག་མ་བཅུ་གསུམ་གྱི་བཅུ་པ་ནི། དགེ་འདུན་ཕྱོགས་གཉིས་སུ་དབྱེ་བ་ན་དགེ་
འདུན་གྱིས་
བཞམས་བསྒོ་གསོལ་བཞིའི་ལས་ཏེ་ཟློག་པ་ལྔས་བཟློག་ཀྱང་མི་གཏོང་ནའོ།
དགེ་འདུན་མཐུན་པ། དགེ་འདུན་ཕན་ཚུན་ཚུལ་ཁྲིམས་དང་། ལྟ་བ། ཆོ་ག། འཚོ་བ་མཐུན་པའམ་མཚུངས་
པའོ།
དགེ་འདུན་ལྷག་མ། ལྟུང་བ་དངོས་གཞི་རྫོགས་པ་ཡིན་ཞིང་རང་གི་ངོ་བོའི་ཆ་ནས་ཆོ་ར་བརྗོད་ཚུལ་དགེ་འདུན་
ལྷག་མའི་མིང་རིགས་བརྗོད་པས་ཚུལ་བཞིན་དུ་ཕྱིར་བཅོས་ན་འདག་ཏུ་རུང་བའོ།
སྒྲ་བཤད་ནི། ལྟུང་བ་
དེ་
དབེ་འདུན་ལས་ལྡང་བའམ་འདག་པར་འགྱུར་གྱི་གང་ཟག་ལས་མ་ཡིན་པས་ན་དགེ་འདུན་ཞེས་བྱ་ལ།
གསོར་རུང་ཙམ་གྱིས་ལྷག་མར་ལུས་པས་ན་ལྷག་མའོ།


tibetan OCR www.dharmabook.ru
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*