107
ཚུལ་ལམ། ཡང་ན་དགེ་བ་མྱང་འདས་ཀྱི་ཚུལ་ཏེ་ལམ་ལ་ཞུགས་པས་དེ་སྐད་ཅེས་བྱ།
དགེ་ཚུལ་བསྙིལ་བ་སྡུད་པའི་ལྟུང་བྱེད་། འབའ་ཞིག་པ་ད་གུ་བཅུའི་ང་བདུན་པ། དབེ་འདུན་གྱིས་བསྙིལ་བའི་
དགེ་ཚུལ་དང་ལྷན་ཅིག་ཆོས་དང་ཟང་ཟིང་གི་ལོང་ས་སྤྱོད་པའོ།
དགེ་ལུགས་པ། རྗེ་བཅུན་ཙོང་ཁ་པ་བློ་བཟང་གྲགས་པའི་དཔལ་གྱིས་སྲོལ་བཏོད་པའི་མདོ་སྔགས་བཤད་སྒྲུབ་ཟུང་
འབྲེལ་གྱི་
རིང་ལུགས་འཛིན་མཁན་ཇེས་འབྲང་དང་བཅ་ས་པ། སྒྲ་བཤད་ནི། ད་གེ་ལྡན་པའམ་དགའ་ལྡན་
པ་ཞེས་པ་ནི་
གདན་སའི་མིང་གིས་བཏགས་པ་སྟེ། རྗེ་ཅོང་ཁ་པ་ཆེན་པོས་འབྲོག་རི་བོ་དགའ་ལྡན་རྣམ་པར་
རྒྱལ་བའི་གླིང་
བཏབ་ནས་སྐུ་ཆེའི་སྨད་དུ་དེར་རྟག་ཆགས་པར་བཞུགས་པ་ལ་བརྟེན་ནས། རྗེའི་རིང་ལུགས་
ལ་
ཆོས་རྗེ་དགའ་ལྡན་པའི་ལུགས་ཞེས་འབོད་པ་བྱུང་། དེ་ཚིག་སྣ་བསྡུས་ནས་བརྗོད་པའི་ཚེ་དགའ་ལུགས་
པ་ཞེས་
ཟེར་བ་བརྗོད་པ་མ་བདེ་བས། དགེ་ལུགས་པ་ཞེས་འབོད་པ་རྒྱུན་ཆགས་པ་ཡིན། བླ་ཆེན་དགོང་ས་
པ་རབ་གསལ་གྱིས་
ཀླུ་མེས་དབུས་སུ་འབྱོན་ཁར་དབུ་ཞྭ་སེར་པོ་བཞེས་འཕྲོ་ཞིག་གནང་ནས་འདི་གྱོན་ལ་ང་
རྗེས་སུ་དྲན་པར་གྱིས་
གསུང་བར་བརྟེན། རྗེ་བླ་མས་ཀྱང་འདུལ་བའི་བསྟན་པ་ཉམས་པ་གཞི་ནས་གསོ་
བའི་རྟེན་འབྲེལ་དུ་
དབུ་ཞྭའི་ཁ་དོག་སྔོན་གྱི་འདུལ་འཇིན་རྣམས་དང་མཐུན་པར་སེར་པོར་མཛད་པར་
བརྟེན།
རྗེའི་རིང་ལུགས་ལ་ཞྭ་སེར་ཅོད་པན་འཆང་བའི་རིང་ལུགས་ཞེས་གྲགས་སོ།
དགེ་ལུགས་པའི་གྲུབ་ཐོབ་ཚད་ལྡན་སུམ་ཅུ། དབེ་ལྡན་པའི་ཕྱོགས་ལ་གསང་སྔགས་ཀྱི་གྲུབ་ཐོབ་རྩོད་མེད་སུམ་
ཅུ་བྱུང་
བ་འདི་ལྟར། གྲུབ་ཆེན་འཁོར་ལོས་བསྒུར་བ་ཙོང་ཁ་པ། གྲུབ་ཆེན་རྟོག་ལྡན་འཇམ་དཔལ་རྒྱ་
མཚོ།
གྲུབ་ཆེན་ཆོས་རྡོ་རྗེ། གྲུབ་ཆེན་བ་སོ་ཆོས་རྗེ། གྲུབ་ཆེན་དབེན་ས་པ། གྲུབ་ཆེན་
ཅྭཱརྨ་དྷཱཛ། གྲུབ་ཆེན་ཆོས་དབང་གྲགས་པ། གྲུབ་ཆེན་རྒོད་ཕྲུག་གྲགས་འབྱུང་། གྲུབ་ཆེན་མདུང་
རྩེ་རལ་པའི་བུམ་པ་ཅ་ན།
གྲུབ་ཆེན་ཤེས་རབ་སེང་བེ། གྲུབ་ཆེན་སྦྱིན་པ་དཔལ་བ། གྲུབ་
ཆེན་འདུལ་ནག་པ།
གྲུབ་ཆེན་འདུལ་དཀར་བ་བློ་གྲོས་སྦས་པ། གྲུབ་ཆེན་བརྩོན་འགྲུས་
འཕགས།
གྲུབ་ཆེན་དཀོན་མཆོག་ཡར་འཕེལ། གྲུབ་ཆེན་ཐང་སག་པ། གྲུབ་ཆེན་དོན་ཡོད་
མཁས་གྲུབ།
གྲུབ་ཆེན་འཇམ་དབྱངས་བདེ་བའི་རྡོ་རྗེ། གྲུབ་ཆེན་དགེ་འདུན་རྒྱ་མཚོ། о- གྲུབ་
ཆེན་བསྐལ་བཟང་རྒྱ་མཚོ།
གྲུབ་ཆེན་ལྕང་སྐྱ་རོལ་པའི་རྡོ་རྗེ། གྲུབ་ཆེན་ན་ཁ་བ་ཐར་པའི་རྒྱལ་
མཚན།
གྲུབ་ཆེན་རོང་པོ་སྐལ་ལྡན་རྒྱ་མཚོ། གྲུབ་ཆེན་གནས་བཅུ་དབེ་འདུན་རྒྱལ་མཆན།
གྲུབ་ཆེན་བཀའ་ཆེན་ནམ་མཁའ་རྡོ་རྗེ། གྲུབ་ཆེན་སྒོ་སྡེ་ནམ་མཁའ་རྒྱལ་མཆན། གྲུབ་ཆེན་


tibetan OCR www.dharmabook.ru
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*