109
སློང་མས་དགེ་སློང་བདག་ཉིད་ཀྱི་ཡང་དག་པ་མ་ཡིན་པའི་ཡོན་ཏན་ཁྱིམ་པ་ལ་བརྗོད་ནས་སྦྱོར་བཅུག་པའི་
ཟས་ཟོས་པའོ།

དགེ་སློང་མ་ཡི་ཕམ་པ་བརྒྱད། སྲོག་གཅོད་པ། མ་བྱིན་པར་ལེན་པ། མི་ཚངས་པར་སྤྱོད་པ། བརྫུན་དུ་སྨྲ་བ་དང་
བཞི་
ནི་དགེ་སློང་དང་འདྲ་ལ། དེའི་སྟེང་། རེག་ཕམ། ལུས་བཀན། འཆབ་ཕམ། བཟློག་ཕམ་དང་ བཞི་
སྟེ་བརྒྱད་དོ།
དེལ་རེག་ཕམ་ནི། དགེ་སློང་མས་ཆགས་པའི་དབང་གིས་སྐྱེས་པའི་ལུས་རིལ་པོ་ལ་རེག་
པའོ།
ལུས་བཀན་དི། སྐྱེས་པ་དང་མཉམ་དུ་གན་རྐྱལ་དུ་ཉལ་བོ། འཆབ་ཕམ་ནི། རང་གི་
གྲོགས་དགེ་སློང་
མལ་ཕམ་པ་བྱུང་ན་སྦས་ནས་གཞན་ལ་གསང་བའོ། བཟློག་ཕམ་ནི། དགེ་སློང་གནས་
དབྱུང་
བྱས་པ་ལ་ཕྱག་དང་བསྙེན་བཀུར་མ་བྱེད་ཅེས་དགེ་སློང་མ་ཡི་དགེ་འདུན་གྱིས་བཟློག་པ་མ་ཉན་པའོ།
དགེ་སློང་མ་དང་ལྷན་ཅིག་གྲུར་འཇུག་པའི་ལྟུང་བྱེད། འབའ་ཞིག་པ་དགུ་བཅུའི་ཉེར་བདུན་པ་ནི། དགེ་སློང་མ་
དང་ལྷན་ཅིག་གྲུར་ཞུགས་ནས་རྒྱང་གྲགས་འདས་པའོ།

དགེ་སློབ་མ། མཁན་མོ་དང་སློབ་དཔོན་མ་དང་དགེ་འདུན་དང་བཅ་ས་པའི་དབུས་སུ་ངེས་འབྱུང་གི་བསམ་པས་
ཀུན་ནས་བསླངས་ཏེ།
སྔར་བཤད་པའི་དགེ་ཚུལ་མའི་སྡོམ་པ་རྣམ་པར་དག་པ་ཐོབ་པའི་རྗེས་ས་སུ། རྩ་བའི་
ཆོས་དྲུག་དང་རྗེས་མཐུན་གྱི་ཆོས་དྲུག་
སྟེ་སྤང་བྱ་བཅུ་གཉིས་ལོ་གཉིས་ཀྱི་བར་དུ་སྤོང་བར་ཁས་བླངས་པའི་
གང་ཟག་གོ རྩ་བའི་ཚོས་ཞེས་བརྗོད་པའི་རྒྱུ་མཚན་ནི། སྤང་བྱ་གཉུག་མ་ཡིན་པས་རྩ་བའི་ཆོས། སྤང་བྱ་
གློ་བུར་བ
ཡིན་པས་རྗེས་མཐུན་གྱི་ཆོས་ཞེས་བྱ།
དགེ་སློང་མའི་ཆོས་གོས་ལྔ། སྣམ་སྦྱར། བླ་གོས། མཐང་གོས། རྔུལ་གཟན། ཤིང་ང་དཔུང་ཆད་དང་ལྔའོ།
དགེ་སློང་མའི་ཡོ་བྱད་བརྒྱད། སྣམ་སྦྱར། བླ་གོས། མཐང་གོས། རྔེལ་གཟན། ཤིང་ང་དབུང་ཆད། ལྷུང་བཟེད།
ཆུ་ཚགས་དང་བརྒྱད་དོ།
དགེས་པ། [བརྡརྙང དགྱེས་པའི་བད་རྙིང་ཡིན་པར། ཇེ་གུང་ཐང་པའི་གསུང་ཟིན་བྲིས་ན་ཡོད། དགའ་བ། དགྱེས་
པ།
དགེ་བ། དགེས་པ་རྣམས་དོན་འདྲ།
དགོངས་ཀར་ཀྱི་དུས་སུ་སྒྲུབ་པའི་དམན་སྤྱོད། དགོང་མོ་ཆུས་དགེ་སློང་རྣམས་ཀྱི་ཞབས་བཀྲུ་བ། ཞབས་ལ་
སྣུ
མ་བསྐུ་བ་སོགས་ཀྱི་དམན་སྤྱོད་དོ།
དགོངས་བརྒྱུད་བླ་མ། རྙངམ དང་པོའི་སངས་རྒྱས་ཀུན་ཏུ་བཟང་པོའི་དྲུག་པ་རྡོ་རྗེ་འཆང་ལ་རྒྱལ་བ་རིགས་ལྔ་
ཡབ་ཡུམ་
སེམས་དཔའ་སེམས་མ་སོགས་ོགས་ཉིད་ལས་མི་གཞན་པའི་སྤྲུལ་པའི་དཀྱིལ་འཁོར་དང་བཅ་ས་པ་



tibetan OCR www.dharmabook.ru
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*