116
འཕགས་སྐོར་ལྔའི་གཞུང་ལ་བརྟེན་པའི་གཞུང་བཤད་། དབང་མན་ངག་གི་སྐོར་རྣམས་ལེགས་པར་གཏན་ལ་
འབེབས་
པར་མཛད་ལ། མངོན་ཤེས་ཅན་དང་བཅུན་མོ་ཅན་དང་ནག་པོ་པ་གསུམ་ལ་མཆོག་གི་བླ་མར་
མཛད་ཅིང་།
གཞུང་བཤད་དང་གདམས་པ་ཡང་དེ་གསུམ་གྱི་ལུགས་ལ་གཙོ་བོར་མཛད་དོ། བོད་དུ་བྱུང་
བའི་
གསང་འདུས་འཕགས་ལུགས་ལ་རྒྱུད་ཀྱི་བཤད་སྲོལ་གཞན་མང་དུ་སྣང་ནའང་། རྗེ་རིན་པོ་ཆེ་འགོས་
ཀྱི་བཤད་པ་ཉིད་དེ་རྣམས་ཀྱི་མཆོག་ཉིད་དུ་མཐོང་ངོ་། ཞེས་རྗེ་ཙོང་ཁ་པ་ཆེན་པོའི་རིམ་ལྔ་གསལ་སྒྲོན་ན་
གསལ་ཞིང་།
རྗེ་འགོས་ནི་བོད་ཀྱི་ལོ་ཙཱ་བ་གྲགས་ཆེན་བརྒྱ་དང་དགུ་བཅུ་གོ་གཉིས་ཀྱི་མཚན་ཐོ་བུ་སྟོན་
ཆོས་འབྱུང་དུ་
འཁོད་ཡོད་པའི་ནང་ནས། ཨང་གྲངས་བརྒྱད་ཅུ་གྱ་བཞི་པ་པ་འགོས་ཁུག་པ་ལྷ་བཙས་
ཞེས་པ་
དེ་ཡིན་ཞིང་། དོགས་གཅོད། རྗེ་ཙོང་ཁ་པ་ཆེན་པོ་རིམ་ལྔ་གསལ་སྒྲོན་དུ་ཡང་ཡང་འབྱུང་བའི་རྗེ་
འགོས་ནི། འགོས་ཁུག་པ་ལྷ་བཙས་ལ་ཟེར་བ་ཡིན་ཏ། འགོས་ལོ་ཙཱ་བ་ཆོས་གྲུབ་ཅེས་པ། ཆོས་རྒྱལ་ཁྲི་
རལ་པ་ཅན་(877896)དང་སྐུ་དུས་མཚུངས་པར་བྱོན་པ་ཞིག་ཡོད་པ་དེ་ནི་མ་ཡིན་ཏེ། རྗེ་འགོས་ཇོ་བོ
རྗེའི་
སློབ་མ་ཡིན་པ་རྗེ་ཙོང་ཁ་པ་ཆེན་པོས་རིམ་ལྔ་གསལ་སྒྲོན་དང་། ལམ་རིམ་ཆེན་མོར་གསལ་བར་
གསུངས་ལ། ཇོ་བོ་རྗེ་དེའི་རྗེས་སུ་སྤྱི་ལོ་(982 1054) བྱོན་པའི་ཕྱིར། ཡང་རྗེ་ཙོང་ཁ་པའི་དངོས་སློབ་
སྐད་གཉིས་སྨྲ་བའི་ལོ་ཙཱ་བ་གཉིས་ཀྱི་ནང་ཚན། འགོས་ལོ་ཙ་བ་གཞོན་ནུ་དཔལ་བ་ཞེས་བྱ་བ། དེབ་ཐེར་སྔོན་
པོ་
མཛད་པ་པོ་བཀའ་བརྒྱུད་ཀྱི་ལོ་ཅཱབ་གྲགས་ཅན་ཞིག དེ་ནི་སྤྱི་ལོ་(1392 1སྡ81) ལ་བྱོན་པས་ཇོ་བོ་རྗེ་དང་སྐུ་
དུས་
མི་མཚུངས་པས་ཇོ་བོའི་དངོས་སློབ་ཡིན་པ་འགལ་ལོ། རྗེ་འགོས་ཀྱི་འགྱུར་ཆོས་ནི་ཤིན་ཏུ་མང་སྟེ།
སེང་གེ་སྒྲའི་རྒྱུད རྡོ་རྗེ་མཁའ་འགྲོ་དང་རྣལ་འབྱོར་མའི་ཀུན་ཏུ་སྤྱོད་པ་གཉིས རྡོ་རྗེ་
གདན་བཞི་རྩ་བའི་རྒྱུད
བཤད་པའི་རྒྱུད མདྲ་ཨཾ་པ གདན་བཞི་སྦྱོར་བའི་རབ་ཏུ་
བྱེད་པ
མ་ཧཱ་མ་ཡའི་རྒྱུད ཕའཇིག་རྟེན་དབང་ཕྱུག་ལ་བསྟོད་པ སྤྱན་རས་གཟིགས་
ཀྱི་བསྟོད་པ
སྤྱན་རས་གཟིགས་དབང་ཕྱུག་གི་བསྟོད་པ ཐུགས་རྗེ་ཆེན་པོ་ལ་བསྟོད་པ
དོན་ཡོད་ཞགས་པའི་དཀྱིལ་འཁོར་གྱི་ལྷ་བཅུ་བདུན་ལ་བསྟོད་པ་དྲི་མ་མེད་པའི་འི་འོད
ཐུགས་རྗེ་ཆེན་པོ་ལ་བསྙོད་ཅིང་བསྐུལ་བ ཤ་ས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ཚུལ་བརྒྱ་ལྔ་བཅུ་པའི་
འགྲེལ་པ
རྟེན་འབྲེལ་གྱི་ཆོ་ག་ཞིབ་མོ དགེ་བ་འདོད་འཇོའི་རྣམ་བཤད
གསང་འདུས་ཀྱི་གླེང་གཞིའི་བཤད་པ བདེ་བ་ཆེན་པོའི་སྒྲུབ་ཐབས གསང་འདུས་ཀྱི་
དཀྱིལ་ཆོག་དང་རབ་གནས
རྡོ་རྗེ་སེམས་དཔའི་མཆོད་ཆོག གསང་བ་འདུས་པའི་
མངོན་པར་རྟོགས་པ་རྒྱན་གྱི་འགྲེལ་པ
སྒྲོན་གསལ་གྱི་འགྲེལ་བཤད གསང་འདུས་ཀྱི་
རྗ


tibetan OCR www.dharmabook.ru
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*