9
འགྱོད་པ། གཞན་འགྱུར་བཞིའི་གཉིས་པ་ནི། བྱ་བ་དང་བྱ་བ་མ་ཡིན་པ་གང་རུང་གིས་བསམས་པའམ། གཞན་གྱི་
ནན་གྱིས་བྱེད་དུ་བཅུག་པ་ལ་བརྟེན་ནས་མི་འདོད་བཞིན་དུ་
ཡིད་ལ་གཅགས་པས་རབ་ཏུ་ཕྱེ་བའི་སེམས་
བྱུང་གང་ཞིག
གཏི་མུག་གི་ཆར་གཏོགས་ས་སོ། ཡིད་ལ་གཅགས་པའི་དོན་ནི། བྱ་བ་དེ་བད་ག་གིས་མ་བྱས་
ཀྱང་ཅི་མ་རུང་
སྙམ་པའོ། བྱེད་ལས་ནི། དེ་ཡོད་ན་ཡིད་བདེ་བ་ལ་རེག་པར་མི་གནས་པའི་སེམས་སོ།
འགྱོད་པ་བསྐྱེད་དུ་བཅུག་པའི་ལྟུང་བྱེད། འབའ་ཞིག་པ་དགུ་བཅུའི་རེ་གཉིས་པ། དབེ་སློང་ལ་ཁྱེད་རྣམ་དག་མ་
ཡིན་ཞེས་འགྱོད་པ་
བསྐྱེད་དུ་བཅུག་པའོ།
འགྲམ་ཆུ་ལྡང་བ། གཞན་ལ་སྨོན་པ།
འགྲམ་ཆུ་ལྡང་མི་ད་གོས་པ། གཞན་ལ་སྨོན་མི་དགོས་པ།
འགྲུབ་པྱེད་ཀྱི་རྦུ། ཡན་ལག་བཅུ་གཉིས་ཀྱི་ནང་ནས་སྲེད་ལེན་སྲིད་པ་གསུམ་ལ་ཟེར་ཞིང་། རྒྱུ་མཆན་ན་ནི། འདུ་
བྱེད་ཀྱིས་རྣམ་ཤེས་ལ་བསྒོས་པའི་ལས་ཀྱི་བག་ཆགས་དེ་ནུས་པ་མཐུ་ཅ་ན་དུ་
བྱེད་པའི་རྒྱུ་ལ་འགྲུབ་བྱེད་ཀྱི་
རྒྱུ་
ཞེས་བྱའོ།
འགྲུབ་བྱེད་ཀྱི་ལ ཡན་ལག་བཅུ་གཉིས་ཀྱི་ནང་ནས་སྲིད་པའི་རྟེན་འབྲེལ་ལ་ཟེར་ཞིང་། རྒྱུ་མཚན་ནི། འདུ་
བྱེད་ཀྱིས་རྣམ་ཤེས་ལ་བསྒོས་པའི་ལས་ཀྱི་བག་ཆགས་དེ་ནུས་པ་མཐུ་ཅ་ན་དུ་
བྱེད་པའི་ལས་ལ་འགྲུབ་བྱེད་
ཀྱི་ལས་
ཞེས་བྱའོ།
འགྲུས་པ། བརྩོན་པ། འབད་པ་བཅ་ས་ལ་འཇུག
འགྲེལ་ཆེན་དྲི་མེད་འོད། དཔལ་དུས་ཀྱི་འཁོར་ལོའི་འགྲེལ་ཆེན་དྲི་མ་མེད་པའི་འོད་ཅེས་བྱ་བ་འཕགས་མཆོག་
ཕྱག་ན་པདྨོའི་རྣམ་
འཕྲུལ་རིགས་ལྡན་པད་དཀར་པོས་མཛད།
འགྲེལ་པ་ཚིག་གསལ། དབུ་མ་རྩ་བའི་འགྲེལ་པ་ཚིག་གསལ། སློབ་དཔོན་ཟླ་བ་གྲགས་པས་མཛད། པ་ཆབ་ཀྱི་
འགྱུར།
འགྲེལ་པ་བཞི་སྦྲག རྒྱུད་ཐམས་ཅ་ད་ཀྱི་རྒྱལ་པོ་དཔལ་གསང་བ་འདུས་པའི་རྒྱ་ཆེར་བཤད་པ་སྒྲོན་མ་གསལ་
བའི་
ཚིག་དོན་ཇི་བཞིན་འབྱེད་པའི་མཆན་གྱི་ཡང་འགྲེལ་ཞེས་བྱ་བ། རྗེ་ཙོང་ཁ་པ་ཆེན་པོས་འབྲོག་རི་བོ་
ད་བེ་ལྡན་རྣམ་པར་རྒྱལ་བའི་གླིང་དུ་མཛད། འགྲེལ་པ་བཞི་སྦྲགས་ཞེས་པའི་འགྲེལ་པ་བཞི་བརྩི་ཚུལ་ནི་
འདྲ་བ་ཡོད་དེ། (4) རྩ་རྒྱུད་རྩ་ དཔལ་ལྡན་ཟླ་བའི་སྒྲོན་གསལ། དཀྱུས་མཆན་ཟུར་མཆན་
གཉིས་གཅིག་
ཏུ་བརྩིས། རྗེའི་ས་བཅ་ད་བསྡུས་དོན། རྗེའི་མཐའ་དཔྱོད་མུ་བུ་དང་བཞི་ལ་ཟེར་བ་



tibetan OCR www.dharmabook.ru
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*