ཉིད་རྗེ་བཅུན་སྒྲོལ་མའི་སྤྲུལ་པར་གྲགས་ཤིང་། འཕགས་པའི་གནས་བརྟན་བཅུ་དྲུག་དངོས་སུ་གདན་
དྲངས་པའི་སྦྱིན་བདག་རྒྱ་
ནག་གི་རྒྱལ་པོ་ཐལ་ཇུའི་སྲས་མོ་ཡིན།
རྒྱ་རིམ་པ་བདུན་གྱིས་གདབ་པ། ཚིག་མི་འཁྲུགས་པ་ཆེག་གི་རྒྱ ཚིག་རྐང་མི་འཁྲུགས་པ་ཤད་ཀྱི་རྒྱ ཚིག་དོན་
མི་
འཁྲུགས་པ་ལེའུའི་རྒྱ། ཤོ་ལོ་ཀ་མི་འཁྲུགས་པ་བམ་པོའི་རྒྱ། བམ་པོ་མི་འཁྲུགས་པ་བམ་གྲངས་ཀྱི་རྒྱ།
མཐའ་མི་འཆོལ་བ་སྣེ་ཐིག་གི་རྒྱ། གླེགས་བམ་མི་འཁྲུགས་པ་གདོང་ཡིག་གམ་སྤྱན་ཁྱེར་གྱི་རྒྱ་དང་བདུན་
ནོ།
སྤྱན་ཁྱེར་ནི་དཔེ་ཆ་འགའ་ཞིག་གི་གྲང་ས་ཡིག་ཕན་ཚུན་ལ་དཔེ་སོ་སོའི་མིང་བྲིས་པ་ལ་ཟེར་གསུངས་
ས་སོ།
ཞེས་ཀློང་རྡོལ་བླ་མའི་གསུང་ལ་གཞི་བྱས།
རྒྱ་ལམ། ལམ་པོ་ཆེ།
རྒྱ་ལུ། ཚིག་མཛོད་ཆེན་མོར་རྒྱལ་པོའི་སྲས་ཀྱི་མིང་དང་། ཞྭ་སྒབ་པས་མི་དྲག་གི་མིང་དུ་བཤད།
རྒྱ་ཤུག་ཚི་གུ། རྒྱ་ཤུག་གི་འབྲུ་རྡོག
རྒྱགས་ཆུ།
རྒྱགས་ནི་བཟའ་བ་ཆུ་ནི་བཏུང་བའོ།
རྒྱགས་པ། (4) ལུས་ཀྱི་ཤ་རྒྱས་པ། སྐུ་ཤ་རྒྱགས་པ་ཆགས་འདུག་ཅེས་པ་ལྟ་བུ། (2)ངོམས་པའམ་འགྲངས་པ།
གྲོད་ཁོག་རྒྱགས། ཞེས་པ་ལྟ་བུ། (8) ངོམ་པ། ཁེངས་པ། དྲེགས་པ། (4) ཉེ་ཉོན་ཉི་ཤུའི་དགུ་པ་ནི། འདོད་
ཆགས་ཀྱི་ཆར་གཏོགས་གང་ཞིག།
ནད་མེད་པ་སོགས་ལ་བརྟེན་ཅིང་ཕུན་ཚོགས་ཀྱི་མཚན་མ་གང་རུང་
མཐོང་ནས་དགའ་ཞིང་
ཨིད་བདེ་བས་རབ་ཏུ་ཕྱེ་བའི་རིག་པའོ། བྱེད་ལས་ནི། ཉོན་མོངས་དང་ཉེ་བའི་
ཉོན་མོང་ས་མཐའ་དག་
སྐྱེ་བ་ད་ང་རྗེས་སུ་མཐུན་པའི་རྒྱུ་བྱེད་པའི་ལས་ཅན་ནོ།
རྒྱང་གྲགས། གཞུ་འདོམ་མམ་འདོམ་པ་ལྔ་བརྒྱ་ལ་རྒྱང་གྲགས་གཅིག་ཟེར།
རྒྱན་གྱི་རྡོ་རྗེ། རྒྱན་གྱི་ཅི་མཛེས་སུ་བྱས་པའི་རྡོ་རྗེ། དེ་ལ་རྡོ་རྗེ་རྩེ་གསུམ་པ་ནས་དགུ་པའི་བར་ཡོད་པར་མངོན།
པཎ་ཆེན་བློ་བཟང་ཆོས་རྒྱན་གྱི་གསུང་ལ་གཞི་བྱས།
རྒྱན་དྲུག་མཆོག་གཉིས། རྒྱན་དུག་ནི། ཀྵུ་སྒྲུབ། འཕགས་པ་ལྷ། ཐོགས་མེད། དབྱིག་གཉན། ཕྱོགས་གླང་། ཆོས་
གྲགས་བཅས་
དྲུག་གོ། མཆོག་གཉིས་ནི། དབྱིག་གཉེན་གྱི་སློབ་མ་འདུལ་བ་རང་ལས་མཁས་པ་ཡོན་ཏན་
འོད་དང་།
དེའི་སློབ་མ་ཤཱཀྱ་འོད་ད་དོ།


tibetan OCR www.dharmabook.ru
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*