བུ་ཞིག་ཡིན། འདི་ཡོང་ས་གྲགས་ཀྱི་བོད་པའི་རྒྱལ་མཚན་དང་བཟོ་ད་བྱིབས་མི་འདྲའོ། སྒྲ་བཤད་ནི། མི་
མཐུན་ཕྱོགས་ལས་རྣམ་པར་རྒྱལ་
བའི་ཤེས་རབ་ཤེས་བྱེད་ཀྱི་མཆན་མ་ཡིན་པས་རྒྱལ་མཆན་ཞེས་སྨོས།
(8) རྟགས་སམ་ཆས་གོས། མུ་སྟེགས་ཀྱི་རྒྱལ་མཆན་འཆང་བ། ཞེས་པ་ལྟ་བུའོ།
རྒྱལ་རབས་གསལ་བའི་མེ་ལོང་། ས་སྐྱ་པ་བསོད་ནམས་རྒྱལ་མཆན་གྱིས་བརྩམས། རྒྱལ་རབས་འདི་བསམ་
ཡས་གཅུག་ལག་ཁང་
དུ་བརྩམས་ཤིང་། ལོ་རྒྱུས་ཀྱི་ཡིག་ཆ་གྲགས་ཅན་ཞིག་ཏུ་ངོས་འཇིན་བྱད། ཁོང་ནི་སྤྱི་
ལོ་
(1312) ལོར་ཞ་ལུ་ཁང་གསར་དུ་སྐུ་འཁྲུང་ས། བུ་སྟོན་ཐམས་ཅད་མཁྱེན་པ། རྒྱལ་སྲས་ཐོག་མེད་
བཟང་པོ།
དཔང་ལོ་བློ་གྲོས་བརྟན་པ་སོགས་བླ་མ་མང་པོ་བསྟེན་ནས་འཆད་རྩོད་གསུམ་གྱིས་རྒྱལ་བསྟན་
སྤེལ་
བར་མཛད། བརྩམས་ཆོས་ཀྱང་། ཚད་མ། ཕར་ཕྱིན། དབུ་མ། གསང་སྔགས་སོགས་རིག་གནས་
དང་
ཆོས་འབྱུང་ཡང་བརྩམས་སོ།
རྒྱལ་སྲས་སྐུ་མཆེད་གསུམ། འབྲོམ་གྱི་སློབ་མ་སྐུ་མཆེད་གསུམ་ནི། པོ་ཏོ་བ་རིན་ཆེན་གསལ། སྤྱན་སྔ་བ་ཚུལ་
ཁྲིམས་འབར།
ཕུ་ཚུང་བ་གཞོན་ནུ་རྒྱལ་མཚན་དང་གསུམ་། དེ་གསུམ་ལ་སྐུ་མཆེད་ཅེས་པ་ནི། རྒྱལ་
པོ་དད་པ་བརྟན་པོའི་སྲས་སུ་འཁྲུང་ས་པའི་ཚེ་སྐུ་
མཆེད་ཡིན་པ་དང་། ད་ལྟ་འབྲོམ་གྱི་སློབ་མ་ཡིན་པ་ཡིན་
པས་
ཆོས་ཀྱི་སྐུ་མཆེད་ལ་དགོང་ས་པ་ཡིན་ཞེས་མཁས་པ་རྣམས་གསུང་ངོ་། ཇི་སྐད་དུ། ལོང་མེད་ཐུགས་
ལ་འཁྲུང་ས་པའི་པོ་ཏོ་བ།
བདག་པས་གཞན་གཅེས་སྒོམ་པའི་སྤྱན་སྔ་བ། སྒྲུབ་པ་སྙིང་པོར་མཛད་པའི་ཕུ་
ཆུང་བ།
རྒྱལ་སྲས་སྐུ་མཆེད་གསུམ་ལ་གསོལ་བ་འདེབས། ཞེས་གསུང་ས་པ་ལྟར་རོ
རྒྱལ་སྲིད་། རྒྱལ་སྲིད་ཅེས་བྱ་བ་ནི། རྗེ་དཔོན་ད་ང་། བློན་པོ། ཡུལ་འཁོར། རྫོང་། མཛོད། དཔུང་། མཛའ་
བཤེས་དག་ཡན་ལག་བདུན་ད་ང་ལྡན་པ་ནི་རྒྱལ་སྲིད་ཡིན་ཏེ།
ཞེས་འདུལ་བ་ལུང་གཞིའི་རྒྱ་ཆེར་བཤད་པ་
ལས་གསུངས།
རྒྱས་གདབ་པ། [མ་འོང་པ རྒྱས་བཏབ་པ་དང་དོན་འདྲ།
རྒྱས་བཏ་བ་ འདས་པ (4) ད་མ་ཕྲུག་བརྒྱབ་པ། (2) བཙ་ན་ཏུ་བཏ་ང་བ། བརྟན་པར་བྱས་པ། དགེ་རྩ་རྣམས་
བསྔོ་
བ་དང་སྨོན་ལམ་གྱིས་རྒྱས་བཏབ། ཅེས་པ་ལྟ་བུ་སྟ བསྔོ་སྨོན་གྱིས་རྒྱས་བཏབ་པའི་དགེ་རྩ་ནི་ཁོང་ཁྲོ་
སོགས་ཀྱིས་བཅོམ་མི་ནུས་པར་བརྟན་པའམ་བཙན་པར་བྱས་པའི་དོན་ན་ནོ། (8) ཡིད་བྱེད་བསྡམས་པ།
མི་གདའ་བར་བྱས་པ། དཔེར་ན་ཡུལ་ལ་ལོངས་སྤྱོད་པའི་ཆེ་བདེ་སྟོང་གིས་རྒྱས་བཏབ་སྟེ། དེ་དང་མི་
མཐུན་པའི་ཡིད་
བྱེད་བསྡམས་ཏེ་གནས་ན་ཡུལ་སྣང་ཀུན་བདེ་བར་འཆར་ཞིང་། ཞེས་རྗེའི་རིམ་ལྔ་གསལ་


tibetan OCR www.dharmabook.ru
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*