135
ནའི་འདོད་ཡོན་ལ་དམིགས་པའི་དགའ་བ་ལམ་བྱེད་ཙམ་བཞག་ག་གོ། བྱ་རྒྱུད་སོགས་ཀྱི་སྒྲ་བཤད་ནི། བྱ་བ་
ཤས་ཆེ་བ
ས་ན་བྱ་རྒྱུད། བྱ་བ་དང་ཏིང་ངེ་འཇིན་ཆ་མཉམ་པར་སྤྱོད་པས་ན་སྤྱོད་རྒྱུད་། ནང་གི་རྣལ་འབྱོར་
ཤིན་ཏུ་གཙོ་བོར་གྱུར་པས་ན་རྣལ་འབྱོར་རྒྱུད། རྣལ་འབྱོར་དེ་ལས་གོང་ན་མེད་པས་ན་རྣལ་འབྱོར་བླ་མེད་
ཀྱི་
རྒྱུད་དོ། རྗེའི་མཐའ་གཅོད་རིན་པོ་ཆེའི་མུ་གུ་ལ་གཞི་བྱས་ཏེ་བཀོད།
རྒྱུད་སྡེ་གསུམ། བྱ་བའི་རྒྱུད། གཉིས་ཀ་སྟེ་སྤྱོད་པའི་རྒྱུད་། རྣལ་འབྱོར་རྒྱུད་ད་ང་གསུམ། རྣལ་འབྱོར་དང་རྣལ་
འབྱོར་བླ་མེད་གཉིས་
ཀ་ནང་སེམས་ཀྱི་ཏིང་ངེ་འཇིན་གཙོ་བོར་སྟོན་པར་གཅིག་པས་རྣལ་འབྱོར་རྒྱུད་དུ་
བསྡུས་
པར་གསུངས། དབྱེ་སྒོ་འདི་ནི་སློབ་དཔོན་སངས་རྒྱས་གསང་བ། སྒེག་པའི་རྡོ་རྗེ། ཀུན་སྙིང་རྣམས་
ཀྱིས་བཞེད་པར་
གསུང་། ཞེས་ཤེས་བྱ་མཛོད་འགྲེལ་གསུང་།
རྒྱུད་བླ་མ། བྱམས་ཆོས་སྡེ་ལྔའི་ནང་གསེས། མཚན་དངོས་ནི། རྒྱ་གར་སྐད་ད་དུ། མཧ་ཡ་ན་ཨུརྟྟ་ར་ཏནྟོ་ཤསྟ་ཞེས་
བྱ།
བོད་སྐད་དུ། ཐེག་པ་ཆེན་པོའི་རྒྱུད་བླ་མའི་བསྟན་བཅོས་ཞེས་བྱའོ། བོད་སྔ་རབས་པ་རྣམས་བཀའ་
བར་པའི་དགོངས་
འགྲེལ་དང་། ལྟ་བ་རང་རྒྱུད་སྟོན་པར་བཞེད། རྗེ་བཅུན་གྲགས་པ་རྒྱལ་མཆན། མཉམ་
མེད་དགས་པོ་
རྗེས་འབྲང་དང་བཅ་ས་པ་རྣམས་ཀྱིས་དབུ་མའི་གཞུང་དུ་བཞེད་ཅིང་། བུ་སྟོན་རིན་པོ་ཆེས་
བཀའ་ཐ་མའི་དགོང་ས་འགྲེལ་དང་། ལྟ་བ་དབུ་སེམས་གང་རུང་བསྟན་པར་གསུངས། རྗེ་ཙོང་ཁ་པ་ཆེན་
པོས་
ཐལ་འགྱུར་བའི་ལྟ་བ་སྟོན་པར་བཞེད། ཅེས་ཀོང་སྤྲུལ་ཡོན་ཏན་རྒྱ་མཚོའི་ཤེས་བྱ་མཛོད་འགྲེལ་ན་
གསལ།
སྒྲ་བཤད་ནི། ཐེག་པ་ཆེན་པོའི་རྒྱུད་བླ་མ་ཞེས་བྱ་བ་ནི། ཐེག་པ་ཆེན་པོའི་མདོ་སྡེ་ཕྱི་མ་ཞེས་བྱ་
བའི་དོན་
ཡིན་ལ། དེ་ཡང་རྒྱུད་ཅེས་པ་མདོ་སྡེ་དང་། བླ་མ་ནི་ཕྱི་མའི་དོན་ཏེ། ཐེག་པ་ཆེན་པོའི་མདོ་སྡེ་ཕྱི་
མའམ་ཐ་མ་ཞེས་བྱ་བ་ཡིན་ལ། དེ་ནི་དེ་བཞིན་གཤེགས་པའི་སྙིང་པོའི་མདོ་ལ་ཟེར་ཞིང་། དེ་ལ་ཕྱི་མའམ་
ཐ་མ་ཞེས་
པ་ནི་གཟུངས་རྒྱལ་ནས་གསུང་ས་པའི་འཁོར་ལོ་ཐ་མ་ཡིན་པའི་རྒྱུ་མཚན་གྱིས་ཡིན། དེ་ལྟ་བུའི་
མདོའི་
དགོངས་པ་འགྲེལ་བའི་བསྟན་བཅོས་ཡིན་པས། ཐེག་པ་ཆེན་པོའི་རྒྱུད་བླ་མའི་བསྟན་བཅོས་ཞེས་
བྱའོ།
དེ་བཞིན་གཤེགས་པའི་སྙིང་པོ་མདོ་དེ། གཟུངས་རྒྱལ་ནས་གསུངས་པའི་འཁོར་ལོ་ཐ་མ་ཡིན་ཏེ།
རྒྱུད་བླ་མ་ལས། སླར་ཡང་བླ་མའི་རྒྱུད་འདིར་ནི། ཉེས་པ་ལྔ་དག་སྤངས་པའི་ཕྱིཕྱིར། ཞེས་པའི་ཐད་ཀྱི་རྒྱུད་
བླ་དར་ཊིཀ་ལས། སླར་ཡང་བླ་མའི་རྒྱུད་དེ་རྒྱུད་ཕྱི་མ་འཁོར་ལོ་ཐ་མ་དེ་བཞིན་གཤེགས་པའི་སྙིང་པོ་མདོ་
འདིར་ནི།
ཞེས་གསུངས་པའི་ཕྱིར། བུ་སྟོན་རིན་པོ་ཆེ་ལྟར་ན། རྒྱུད་ཕྱི་མ་ཞེས་པ་འཁོར་ལོ་མཐའ་མ་མདོ་
སྡེ་དགོངས་འགྲེལ་ལ་
ངོས་འཛིན་པར་མཛད་དོ། འདིའི་རྒྱུད་ཅེས་པ་མདོ་དང་རྒྱུད་ཅེས་པའི་གསང་སྔགས་
སྣ


tibetan OCR www.dharmabook.ru
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*