39
སྒོ་ཕག སྒོ་རྒྱབ། སྒོའི་རྒྱབ་ལོགས། སྒོ་དང་རྩིག་པའི་བར།
སྒོ་འཕར། (4) སྒོའི་ཆ་ཤས་ཀྱི་དཀྱུས་རིང་ལ་ཞེང་དོག་པའི་སྤང་ལེབ་ལ་ཟར། སྒོ་གླེགས་དང་དོན་འདྲ་ཞིང་།
སྒོའི་མེ་ལོང་ཡང་ཟར། (2) སྒོ་འཕར་ཞེས་བྱ་བ་ནི་སྒོ་དྲུང་གི་ཐེམ་པའི་མིང་དུའང་བཤད་པའང་ཡོད།
སྒོ་ཙམ་ཞིག ཟུར་ཙ་མ། ཕྱོགས་ཙ་མ། རོབ་ཙ་མ། དཔེར་ན། སྒོ་ཙ་མ་ཞིག་བསྟན་གྱི་རྒྱས་པར་གཞན་དུ་ཤེས་པར་
བྱའོ།
ཞེས་པ་ལྟ་བུ།
སྒོ་གསུམ། ལུས་ངག་ཡིད་གསུམ། སྒྲ་བཤད་ནི། དགེ་སྡིག་གི་ལས་སྣ་ཚོགས་གསོག་པའི་རྒྱུའམ་འབྱུང་ཁུང་ས་ཡིན་
པས་
ན་སྒོའོ།
སྒོང་ང་ཕྱེད་ཚལ་པ། (4) ཤེས་པ་གཅིག་ལ་རྣམ་པ་ཡང་གཅིག་ཁོ་ན་འཆ་ར་བར་ཁས་ལེན་པའི་སེམས་ཙ་མ་རྣམ་
བདེན་པའོ།
(2) དེ་ལྟར་ཁས་ལེན་པའི་མདོ་སྡེ་པ་རྣམས་སོ།
སྒོམ། (4) ཐོས་བསམ་གྱིས་སྒྲོ་འདོགས་བཅ་ད་པའི་དོན་ལ་ཡང་ཡང་གོམས་འདྲིས་བྱེད་པ་ལ་སྒོམ་ཞེས་ཟར། སྒོམ་
པ་དང་གོམས་པ་གཉིས་དོན་གཅིག་
པར་ལམ་རིམ་ཆེན་མོར་གསུང་ས་། སྤྱིར་བཏང་བོམ་ལ། དཔྱད་སྒོམ་
དང་།
འཇོག་སྒོམ་གཉིས་ཡོད། དཔྱད་སྒོམ་ནི། ལུང་རིགས་དཔེ་དང་གཏན་ཚིགས་སོགས་མང་པོ་
བསམས་ནས་བསྒོམ་པ་ལ་ཟེར།
དེ་ཤེས་རབ་བམ་ལྷག་མཐོང་གི་ཕྱོགས་སུ་བསུ་བསྡུ། འཇོག་སྒོམ་ནི། དཔྱད་
སྒོམ་གྱིས་
གཏ་ན་ལ་ཕབ་པའི་དོན་དེ་ཉིད་ལ་སེམས་རྩེ་གཅིག་ཏུ་གནས་པ་ལ་ཟེ དེ་ནི་ཏིང་ངེ་འཛིན་ནམ་
ཞི་གནས་
ཀྱི་ཕྱོགས་སུ་བསྡུ། ཡང་སྒོམ་ལ། དམིགས་ཡུལ་དུ་བྱས་ནས་བསྒོམ་པ་དང་། དད་པ་དང་སྙིང་རྗེ་
བསྒོམ་པ་ལྟ་བུ་བློ་དེ་དང་དེའི་ངོ་བོར་བསྐྱེད་ནས་བསྒོམ་པ་གཉིས་ཡོད་དོ། (2)ཡིད་ལ་ཡང་ཡང་དྲན་པ།
དཔེར་ན། དགའ་བ་སྒོམ། སྙིང་རྗེ་སྒོམ། (8)བཟོད་བསྲན་བྱེད་པ། རྟུག་དྲི་སྒོམ། སྡུག་རུས་ས་སྒོམ།
སྒོམ་ཁུལ། (4) སྒོམ་པའི་ལ་ད་། (2) གནད་དུ་མ་ཁེལ་བའི་སྒོམ་ལ་བརྩོན་པ།
སྒོམ་ཐོག་ནས་ལྟ་བ་འཚོལ་བ སྤྱོད་འཇུག་ལས། ཞི་གནས་རབ་ཏུ་ལྡན་པའི་ལྷག་མཐོང་གིས། ཞེས་སོགས་
གསུངས་པ་ལྟར།
དང་པོར་ཞི་གནས་བསྒྲུབས། དེ་རྗེས་མཆན་ཉིད་སོ་སོར་རིག་པ་ཡིད་བྱེད་ཀྱིས་དཔྱད་
ནས་ལྟ་བ་འཚོལ་བ་ལ་ཟེར།
སྒོམ་གྲྭ། ཐོས་བསམ་སྒོམ་གསུམ་ལས་སྒོམ་པ་གཙོ་བོར་བྱེད་སའི་བསྟི་གནས། སྒྲུབ་གྲྭ། སྒོམ་སྡེ་རྣམས་དོན་འདྲ།
སྒོམ་དོན། (4) སྒོམ་རྒྱག་པའི་དགོས་པ། (2) བློ་ཡིས་བཅོས་ཏེ་སྒོམ་པའི་སྐབས་ཀྱི་ཡོད་སྟང་ས། སྒོམ་དོན་གྱི་རྩ་
དབུ་མ་དང་
གནས་ཚོད་ཀྱི་རྩ་དབུ་མ་ཞེས་པ་ལྟ་བུ།



tibetan OCR www.dharmabook.ru
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*