4
སྒོས་མཛད་། སྒེར་རམ་དམིགས་བསལ་གྱི་མཛད་པ་སྟེ། དཔེར་ན། མི་བསྐྱོད་པ་ཞེ་སྡང་རྣམ་དག་པི་ལྷ་ཡིན་པས་
སེམས་ཅན་གྱི་
ཞེ་སྡང་རྒྱུ་དང་བཅས་པ་སྦྱངས་པ་ལྟ་བུ་ལ་སྒོས་མཛད་ཟེར།
སྒྱིད་པ་ལ་འཁྱུད་པའི་ཕྱག། སྒྱིད་པ་ལ་འཁྱུད་པའི་ཕྱག་ནི། མདུན་དུ་ཙོག་པོར་འདུག་སྟེ་ཐལ་མོ་སྦྱར་ནས། ཕ་
རོལ་པོའི་རྐང་
པའི་མཁྲིག་མ་གཉིས་ལ་ལག་མཐིལ་གཉིས་འཁྱུད་དེ་རྐང་པ་ལ་སྤྱི་བོས་གཏུགས་པའོ།
མཚོ་ཊིཀ་སྨད་ཆ་དགེ་སློང་མའི་རྣམ་འབྱེད་ལ་གཞི་བྱས།
སྒུ། ཉེ་ཉོན་ཉི་ཤུའི་བདུན་པ་ནི། འདོད་ཆགས་དང་གརྟི་མུག་གི་ཆར་གཏོགས་གང་ཞིག། རྙེད་བཀུར་ལ་ཆགས་
ནས་གཞན་བསླུ་བའི་བསམས་པས་
རང་ལ་མེད་པའི་ཡོན་ཏན་སྟོན་འདོད་པས་རབ་ཏུ་ཕྱེ་བའི་རིག་པའོ།
བྱེད་ལས་ནི། ལོག་འཚོ་ལྔས་འཚོ་བར་བྱེད་པའི་ལས་ཅ་ན་ནོ།
སྒུ་འཕྲུལ་དྲ་བ། (4) སྒུ་འཕྲུལ་གྱི་དྲ་བ་ནི། སྒུ་འཕྲུལ་གྱི་བཀོད་པའམ་རྣམ་འགྱུར་རོ། (2) གསང་སྔགས་ཀྱི་རྒྱུད་
ཆེན་ཞིག
(8) སྤྱན་རས་གཟིགས་ཀྱི་སྤྲུལ་པ་ཞིག
སྒུ་མ།
(4) སྔགས་རྫས་ཀྱིས་བསླད་པའི་མིག་འཁྲུལ་པ་ལ་སྣང་བའི་འཁྲུལ་སྣང་ཞིག (2) རང་བཞིན་གྱིས་སྟོང་བཞིན་
དུ་གཟུགས་སོགས་སུ་སྣང་
བ་ལ་སྒྱུ་མ་ཟེར། དཔེར་ན་གཟུགས་སོགས་སྒུ་མ་ལྟ་བུ་ཞེས་བརྗོད་པ་ལྟ་བུ། (8)
ཡོད་ཀྱང་བདེན་གྲུབ་ཁེགས་པ་ལ་སྒུ་མ་ཟེར་བ་ཞིག་ཀྱང་ཡོད་དེ། དཔེར་ན་དོན་དམ་བདེན་པ་སྒྱུ་མ་ལྟ་བུ་
ཟེར་བ་ལྟ་བུའོ། ཕྱི་མ་གཉིས་རྗེའི་ལམ་རིམ་ཆེ་ཆུང་དུ་གསལ།
སྒུ་མ་ལྟ་བུའི་ཏིང་ངེ་འཛིན། མདོ་སྔགས་ཐུན་མོང་བ བདེན་སྟོང་སྒུ་མ་ལྟ་བུར་རྟོགས་པའི་ཏིང་ངེ་འཛིན། སྔགས་
ཐུན་མོང་མིན
རླུང་སེམས་ཙམ་ལས་གྲུབ་པའི་སྒུ་མའི་སྐུ་ལ་མཉམ་པར་བཞག་པའི་ཏིང་ངེ་འཇིན། སྔགས་
ཐུན་མོང་མིན
བདེ་སྟོང་དབྱེར་མེད་ཀྱི་ཏིང་ངེ་འཇིན། རྗེའི་རིམ་ལྔ་གསལ་སྒྲོན་ལས། འཁོར་བར་འཁྱམས་
པ་དང་།
འཁོར་བའི་བག་ཆགས་རྒྱུན་མི་འཆད་དུ་འཇུག་པ་གཉིས་སོ། དང་པོ་ལྡོག་པ་ལ་སྐྱུ་མ་ལྟ་བུའི་
ཏིང་ངེ་འཛིན་ད
གོས་པ་ནི། སྔགས་དང་ཕར་ཕྱིན་ཐུན་མོང་བའི་སྒུ་མ་ལྟ་བུའི་ཏིང་ངེ་འཇིན་ནོ། ཕྱི་མ་ལྟོག་
པ་ལ་དགོས་པའི་སྒུ་མ་ལྟ་བུའི་ཏིང་ངེ་འཛིན་ལ་ཡང་ཐུན རྨོང་ཡིན་མིན་གཉིས་ད་ང་། ཐུན་མོང་མིན་པ་ལ་
ཡང་བདེ་སྟོང་སྦྱར་བ་དང་། སྒུ་ལུས་གཉིས་ཡོད་ཀྱང་འདིར་ནི་ཕྱི་མའོ། ཞེས་གསུང་ས། མཁས་གྲུབ་རྗེའི་
དུས་འཁོར་འགྲེལ་ཆེན་
སོགས་ལ་བལྟ་བར་བྱའོ།
སྒུ་མ་ལྟ་བུའི་སྟོང་ཉིད། རྗེས་ཐོབ་སྒུ་མ་ལྟ་བུའི་སྟོང་ཉིད་དང་དོན་འདྲ། རྗེས་ཐོབ་སྒྱུ་མ་ལྟ་བུའི་སྟོང་ཉིད་ལ་གཟིགས།
སྒུ་མ་ལྷ་མཇེས། ཡུམ་སྒུ་མ་ལྷ་མཛེས་དང་འདྲ། ཡུམ་སྒྱུ་མ་ལྷ་མཛེས་ལ་གཟིགས།



tibetan OCR www.dharmabook.ru
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*