859
8 མངོན་བརྗོད། སྒྲ་རིག་པའི་ཡན་ལག་དང་རིག་གནས་ཆུང་བ་ལྔའི་ཡ་གྱལ་ཏ། དོན་གཅིག་ལ་མིང་གི་རྣམ་གྲངས་
8 མང་པོ་འཇུག་པར་སྟོན་པའི་རིག་གནས་ཤིག། དཔེར་ན་པད་ལ། ཆུ་སྐྱེས། འདམ་སྐྱེས། ཉི་མས་བཞད།
8 མཚོ་ལས་སྐྱེས་སོགས་མིང་གི་རྣམ་གྲང་ས་མང་པོ་ཡོད་པར་སྟོན་པ་ལྟ་བུ། མངོན་བརྗོད་ཀྱི་གཞུང་ནི། པཎྜི་
8 ཏ་འཆི་མེད་སེང་གེས་མཛད་པའི་མངོན་བརྗོད་འཆི་མེད་མཛོད། དེ་ཡི་འགྲེལ་པ་རབ་འབྱོར་ཟླ་བས་
8 མཛད་པའི་འདོད་འཇོའི་བ་མོ་དང་། བོད་ཀྱི་མངོན་བརྗོད་མཁས་པའི་རྣ་རྒྱན་སོགས་ཤིན་ཏུ་མང་། སྒྲ་
བཤད་ནི། དོན་གཅིག་ལ་མིང་གི་རྣམ་གྲངས་དུ་མའི་སྒོ་ནས་མངོན་པར་ཏེ་མ་ནོར་བར་གསལ་བར་བརྗོད་
པའི་ཕྱིར་མངོན་བརྗོད་ཅེས་བྱ།
མངོན་མཐོའི་རྒྱུ་བཅུ་དྲུག དབུ་མ་རིན་ཆེན་ཕྲེང་བ་ནས་བཤད་པའི་མངོན་མཐོའི་རྒྱུ་བཅུ་དྲུག་ནི། དབེ་བ་
བཅུ། ཆང་མི་འཐུང་བ། བྲེ་སྲང་སོགས་ལ་གཡོ་སྒྱུ་སྤང་ས་པ། ལོག་འཚོ་སྤང་ས་པའི་ཡང་
དག་པའི་འཚོ་བ་ད་ང་། ལུས་ང་ག་གིས་གཞན་ལ་རྣམ་པར་མི་འཚི་བ། བུས་པས་སྦྱིན་པ།
མཆོད་འོས་མཆོད་པ། ཆད་མེད་བཞི་དང་བཅུ་དྲུག་གོ།
མངོན་མཐོའི་རྟན། མངོན་མཐོ་ནི་ལྷ་མིའི་རྒྱུད་ཀྱིས་བསྡུས་པའི་བདེ་བ་དང་བཏང་སྙོམས་ཅི་རིགས་ལ་ཟེར་ལ།
དེ་གང་ལ་ལྡན་པའི་རྟེན་ལ་མངོན་མཐོའི་རྟེན་ཟེར་ཏེ། རིན་ཆེན་འཕྲེང་བའི་དར་ཊིཀ་ལས། དེ་ལ་མངོན་
མཐོ་ནི་བདེ་བ་སྟེ། ལྷ་དང་མིའི་རྒྱུད་ཀྱིས་བསྡུས་པའི་བདེ་བ་དང་། བཏང་སྙོམས་ཅི་རིགས་པ་ཡིན་ལ།
ཞེས་གསུང་ས་པ་ལྟར་རོ།
མངོན་དུ། མངོན་སུམ་དུ། ཞེས་འདུལ་བ་ལུང་གཞིའི་རྒྱ་ཆེར་འགྲེལ་ལས་གསུང་ས་སོ།
མངོན་དུ་ཕྱོགས། (1)དེར་གཞོལ་བའམ་བཌཱོུན་པ། དེ་ལ་འཇུག་པ། (2)སྐྱེ་ལ་ཁད། འབྱུང་བ་ལ་ཉེ་བ། དཔེར་
ན་སྐྱེ་བ་ལ་
མངོན་དུ་ཕྱོགས་ཞེས་པ་ལྟ་བུ།
མངོན་དུ་བྱས། (4) ཐོབ་པ། བསྐྱེད་པ། རང་རྒྱུད་ལ་མངོན་དུ་གྱུར་པ། (2)མངོན་སུམ་དུ་རྟོགས་པ།
མངོན་པ་གོང་འོག མངོན་པ་གོང་མ་འཕགས་པ་ཐོགས་མེད་ཀྱིས་མཛད་པའི་མངོན་པ་ཀུན་བཏུས་ད་ང་། འོག་མ་
དབྱིག་གཉེན་གྱིས་མཛད་པའི་མངོན་པ་མཛོད་ལ་ཟེར།
མངོན་པའི་ང་རྒྱལ། གོང་མའི་ཡོན་ཏན་མ་ཐོབ་པ་ལ་ཐོབ་བོ་སྙམ་དུ་འཁྲུལ་ཏེ་སེམས་ཁེང་ས་པའོ། སྒྲ་བཤད་
ནི། ཡོན་ཏན་ཅུང་མངོན་པའམ་མཐོང་བ་ལས་ཡོན་ཏན་ཐོབ་པར་ང་རྒྱལ་བྱེད་པའོ།
མངོན་པའི་ང་རྒྱལ་ཅན། ཡོན་ཏན་མ་ཐོབ་པ་ལ་ཐོབ་བོ་སྙམ་དུ་འཁྲུལ་ཏེ་ང་རྒྱལ་བྱེད་པའི་གང་ཟག དཔེར་


tibetan OCR www.dharmabook.ru
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*