[6
བྱང་ཆུབ་པ།
མངོན་བྱང་ལྔ། (4) དགེ་ལུགས་ ཟླ་བ། ཉི་མ། ས་བོན། ཕྱག་མཆན། སྐུ་རྫོགས་པ་ལས་བྱང་ཆུབ་པ་དང་ལྔ།
མངོན་བྱང་ལྔ་ལ། དེ་བཞིན། [འཆི་བ་ཆོས་སྐུའི་ལམ་ཁྱེར་ནི་དེ་བཞིན་ཉིད་ལས་བྱང་ཆུབ་པ ཉི་ཟླ་གང་རུང་། ས་
བོན། ཕྱག་མཆན། སྐུ་རྫོགས་པ་དང་ལྔ་ཞེས་གོང་དུ་བཤད་པ་དང་ཅུང་ཟད་མི་འདྲ་བ་གཉིས་ཡོད། མངོན་
བྱང་ལྔ་བསྐྲེད་ལ་གཟིགས། (2) རྙིང་མ་ སྐྱབས་སེམས་སོགས་སྔོན་དུ་སོང་ནས་སྟོང་པའི་ང་ང་ང་ལས། ཞིང་
དང་གནས་ཕུན་ཚོགས་པ་འགྲུབ་པའི་རྒྱུ་གད་ན་པད་ཟླ་ལས་མངོན་པར་བྱང་ཆུབ་པ་དང་། ཆོས་ཕུན་སུམ་
ཚོགས་པ་འབྱུང་བའི་རྒྱུ་གསུང་ཡིག་འབྲུ་ལས་མངོན་པར་བྱང་ཆུབ་པ། དུས་ཕུན་ཚོགས་རྟག་པ་བསམ་
མི་ཁྱབ་པར་གནས་པའི་རྒྱུ་ཐུགས་ཕྱག་མཆན་ལས་མངོན་པར་བྱང་ཆུབ་པ། འཁོར་དང་སྟོན་པ་ཕུན་སུམ་
ཚོགས་པའི་རྒྱུ་སྐུ་ཡོང་ས་རྫོགས་དཀྱིལ་འཁོར་གྱི་འཁོར་ལོ་དང་བཅ་ས་པ་ལས་མངོན་པར་བྱང་ཆུབ་པ། སྐུ་
ཡི་ངོ་བོའམ་ཡེ་ཤེས་ཕུན་སུམ་ཚོགས་པའི་རྒྱུ་ལྷ་ཡེ་ཤེས་སེམས་དཔའ་ལས་མངོན་པར་བྱང་ཆུབ་པ་སྟེ་
ལྔའོ།
མངོན་བྱང་ལྔ་བསྐྱེད། ལྷ་བསྐྱེད་ཚུལ་ཞིག་སྟེ། ཟླ་བ། ཉི་མ། ས་བོན། ཕྱག་མཆན། སྲུ་རྫོགས་པ་ལས་བྱང་ཆུབ་
པ་
དང་ལྔ། དེ་ཡང་མེ་ལོང་ལྟ་བུའི་ཡེ་ཤེས་ཀྱི་ངོ་བོ་ཟླ་བ་ལས་བྱང་ཆུབ་པ། མཉམ་ཉིད་ཡེ་ཤེས་ཀྱི་ངོ་བོ་ཉི་
མ་ལས་
བྱང་ཆུབ་པ། སོར་རྟོག་ཡེ་ཤེས་ཀྱི་ངོ་བོ་ས་བོན་ལས་བྱང་ཚུབ་པ། བྱ་གྲུབ་ཡེ་ཤེས་ཀྱི་ངོ་བོ་ཐུགས་
ཕྱག་
མཆན་ལས་བྱང་ཆུབ་པ། ཟླ་བ་དང་དེའི་སྟེང་གི་ཉི་མ་རྡོ་རྗེ་ཧྲུ་ཡིག་དང་བཅ་ས་པ་ཡོང་ས་སུ་གྱུར་པ་
ལས།
རང་ཉིད་འབྲས་བུ་རྡོ་རྗེ་འཇིན་པ་དཔལ་རྡོ་རྗེ་འཇིགས་བྱེད་ཆེན་པོར་བསྐྱེད་པ་ནི། ཆོས་དབྱིངས་
ཡེ་ཤེས་ཀྱི་ངོ་བོ་སྐུ་
ཡོངས་སུ་རྫོགས་པ་ལས་བྱང་ཆུབ་པ་དང་ལྔའོ། འདིའི་སྐོར་རྒྱས་པ་པ་ཎ་ཆེན་བློ་བཟང་
ཆོས་
རྒྱན་གྱི་འཇིགས་བྱེད་ཀྱི་བསྐྱེད་རིམ་དངོས་གྲུབ་སྙེ་མ་དང་། ཀློང་རྡོལ་བླ་མ་སོགས་ཀྱི་གསུང་ལ་བལྟ་
བར་བྱའོ། མངོན་བྱང་ལྔ་བསྐྱེད་ལ། དེ་བཞིན། འཚི་བ་ཆོས་སྐུའི་ལམ་ཁྱེར་ནི་དེ་བཞིན་ཉིད་ལས་བྱང་ཆུབ་པ ཉི་
ཟླ་གང་རུང་།
ས་བོན། ཕྱག་མཚན། སྐུ་རྫོགས་པ་དང་ལྔ་ཞེས་གོང་དུ་བཤད་པ་དང་ཅུང་ཟད་མི་འདྲ་བ་
གཉིས་ཡོད།
མངོན་མཚན། (4) རྟགས་མཚན། རྟགས་དང་མཚན་མ། མི་ལ་སོགས་པའི་མཆན་མའམ་རྟགས་ད་ང་རི་མོ་ལ་
མངོན་མཚན་ཞེས་བྱ། (2) བུན་སྐྱེད་ཀྱི་མིང་དུ་བཤད་པའང་མཐོང་།


tibetan OCR www.dharmabook.ru
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*