62
མངོན་མཆན་ཅན། རི་མོ་ཡོད་པའི་གསེར་དངུལ་ལ་སོགས་པའི་དོང་ཙེའམ་ཊཾ་ཀ། ཕྱི་རྒྱལ་བས་ ཟེར། སྒྲ་
བཤད་ནི།
མི་ལ་སོགས་པའི་མཚན་མའམ་རྟགས་ད་ང་རི་མོ་ལ་མངོན་མཆན་ཞེས་བྱ་ལ། དེ་གང་ལ་ལྡན་
པ་
དེ་ལ་མངོན་མཆན་ཅ་ན་ཞེས་བྱའོ། བོད་རྒྱ་ཚིག་མཛོད་ཆེན་མོར། མངོན་ཆན ཞེས་འབྱུང་བ།
ཀོང་སྤྲུལ་ཡོན་ཏན་རྒྱ་མཚོའི་ཤེས་བྱ་མཛོད་འགྲེལ་ལ་གཞི་བྱས་པར་སྣང་ཡང་། ཡི་བེ་མ་དག་པར་སེམས་
ཏེ།
འདུལ་བ་ལུང་གཞི་དང་། ལུང་གཞིའི་འགྲེལ་པ་དང་། མཚོ་ཊིཀ་སོགས་འཕགས་བོད་ཀྱི་གཞུང་ཆེན་
མོ་རྣ
མས་སུ། མངོན་མཆན་ཅ་ན་ཞེས་འབྱུང་གི་མངོན་ཆན་ཞེས་མི་འབྱུང་ལ། ལར་ནས་མངོན་མཆན་
ཅ་ན་
ཞེས་པའི་ཚིག་ཟུར་གྱི་མཚན་ནི་རྟགས་ད་ང་མཆན་མ་ལ་གོ་དགོས་པས། མངོན་ཆན་ཞེས་བརྗོད་ན་གོ་
རྒྱུ་ཡང་ཨེ་ཡོད་སྙམ་ཡང་མཁས་པ་རྣམས་ཀྱིས་བརྟག་པར་འཆལ། ཚན་ནི་རྡོ་ཆན་ཆུ་ཚན་ལྟ་བུ་ཆ་རེག་
དང་སྡེ་
ཆན་ལ་འཇུག་པ་ཙ་མ་ལས་རྟགས་ལ་འཇུག་པར་བཤད་པ་མི་སྣང་ངོ་།
མངོན་མཚན་ཅན་གྱི་སྤང་པ། སྤང་ལྟུང་སུམ་ཅུའི་བཅུ་དགུ་པ་ནི། རང་གི་རྫས་ཁྱིམ་པ་སོགས་ལ་བུན་སྐྱེད་བཏང་
སྟེ་ཁེ་ཐོབ་པའོ།
མངོན་སུམ་འགྲོས་གསུམ་པ། ཡིད་མངོན་སྐྱེ་བ་ན་མངོན་སུམ་མི་འདྲ་བ་ཇི་ཙ་མ་ཞིག་དུས་མཉམ་དུ་སྐྱེ་བ་ཡིན་
ཞེ་ན།
དང་པོར་དབང་མངོན་སྐད་ཅིག་མ་གཅིག་སྐྱེ་ལ། དེའི་རྗེས་སུ་དབང་མངོན་སྐད་ཅིག་གཉིས་པ་དང་
ཡིད་
མངོན་སྐད་ཅིག་ད་ང་པོ་གཉིས་དུས་མཉམ་དུ་སྐྱེ་བས་ཕྱིར་ལྟ་དོན་རིག་གི་འགྲོས་གཉིས་ད་ང་། དེ་
གཉིས་ཉམས་སུ་
མོང་བའི་ནང་ལྟ་རང་རིག་གི་འགྲོས་གཅིག་སྟེ་མངོན་སུམ་མི་འདྲ་བ་གསུམ་དུས་མཉམ་
དུ་འགྲོ་བ
འམ་སྐྱའོ། མངོན་སུམ་འགྲོས་གསུམ་པའི་ཐ་སྙད་འད་འདི། ཆོས་རྗེ་ས་པཎ་གྱི་རིགས་གཏེར་ལས་
གསུང་ས་པ་ལ། མཁས་གྲུབ་ཆོས་རྗེས། སྡེ་བདུན་ཡིད་ཀྱི་མུན་སེལ་དང་། ཊིཀ་ཆེན་རིགས་པའི་རྒྱ་མཚོ་
གཉིས་ཀ
ར་འཐད་ཕྱོགས་སུ་མཛད། མདོར་བསྡུས་ཏེ་བརྗོད་ན། ཡིད་མངོན་སྐྱེ་བ་ན། དབང་ཡིད་གཉིས་
དང་།
དེ་གཉིས་ཉམས་པྱོང་གི་རང་རིག་སྟེ་གསུམ་དུས་མཉམ་དུ་སྐྱའོ་ཞེས་པའོ། འོན་ཀྱང་རྗེ་དགེ་འདུན་
གྲུབ་པས་
དབང་མངོན་སྐད་ཅིག་གཉིས་པ་ཕན་ཆད་ཡིད་མངོན་ཡིན་པ་དང་། སྤེལ་མར་སྐྱེ་བ་དང་།
འགྲོས་གསུམ་པ་དང་། རྒྱན་མཁན་པོའི་ལུགས་ཀྱི་ཡིད་མངོན་སྐྱེ་ཚུལ་རྣམས་མི་འཐད་པར་བསྒྲུབས་ནས།
མཐའ་གཞན་འགོག་པའི་རིགས་པས། ཡིད་མངོན་དེ་དབང་མངོན་གྱི་རྒྱུན་མཐར་སྐྱེ་བར་བཞེད་དོ། འདིའི་
འགྲོས་
གསུམ་པ་ཞེས་པ། དང་པོ། གཉིས་པ། གསུམ་པ་ཞེས་པའི་གྲངས་ཀྱི་རིམ་པ་སྟོན་པའི་ཚིག་མ་ཡིན་གྱི། གསུམ་དང་ལྡན་པ་
ཞེས་པ
འི་དོན་ཏེ། དཔེར་ན། ཤིང་ལོ་མ་བདུན་པ་ཞེས་པ་དང་འདྲའོ།
མངོན་སུམ་དུ་བྱས། མངོན་དུ་བྱས་དང་དོན་འདྲ།


tibetan OCR www.dharmabook.ru
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*