རྔ་ཡབ། གཡག་གི་རྔ་མ་ལས་བྱས་པའི་རླུང་གཡབ། སྒྲ་བཤད་ནི། གསེར་དང་ནོར་བུས་སྤྲས་པའི་ཡུ་བ་ཅུ་ན་
གཡག་རྔ་ལས་བྱས་པའི་རླུང་གཡབ་ཡིན་པས་དེ་སྐད་ཅེས་བྱ།
རྔན་ཅ་ན། རྔན་ཆེན་དང་དོན་གཅིག རྔན་ཆེན་ལ་གཟིགས།
རྔན་ཆན། དངོས་སུ་གཞན་ལ་བཞད་གད་མི་བྱེད་ཀྱང་སེམས་ཀྱི་གདིང་ནས་བྱེད་པ་ལ་ཟེར། རྔན་ཅ་ན་དང་དོན་
གཅིག། བརྒྱད་སྟོང་པ་ལས། གཞན་དག་ལ་བརྙས་པར་བྱེད་རྔན་ཅ་ན་བྱེད་སྟིང་བར་བྱེད་སྨོད་པར་བྱེད་པར་
འགྱུར་ཏེ། ཞེས་པའི་ཐད་ཀྱི་བརྒྱད་སྟོང་པའི་འགྲེལ་པ་གནད་ཀྱི་ཟླ་འོད་ལས། རྔན་ཆེན་ནི་ནང་དུ་བཞད་
གད་བྱེད་པའོ། ཞེས་གསུངས་པ་ལྟར་རོ།
རྔན་པ། (4) དགའ་བཞིན་དུ་སྟེར་བའི་དངོས་པོ། སློབ་དཔོན་ཚུལ་ཁྲིམས་ཀྱི་བསྐྱངས་གསུང་ལ་གཞི་བྱས། (2) གླ།
ད་པེར་ན། གླ་རྔན་སྟེར། ཞེས་པ་ལྟ་བུ།
རྔམས་པ། རྔམ་པའི་འབྲི་སྲོལ་གཞན།
རྔམ་པ། (4) ཟ་འདོད་ཆེར་ལངས་པའམ། འདོད་པ་ཆེན་པོ་བྱེད་པལ་ཟེ དཔེར་ན། ཟས་ལ་རྔམ་ཞེས་པ་ད་ང་།
འདོད་རྔམ་ཞེས་པ་ལྟ་བུ། (2)བརྗིད་པ། དཔེར་ན་བརྗིད་རྔམ་ཞེས་པ་ལྟ་བུ། (8) འཇིགས་སུ་རུང་བ།
དཔེར་ན་འཇིགས་རྔམ་ལྟ་བུ། (1)ཤིན་ཏུ་བྲེལ་བ། དཔེར་ན། རྗེའི་ལམ་རིམ་ཆེན་མོ་ལས། དབུགས་ནི་
ཕྱི་ནང་དུ་རྒྱུ་བ་སྒྲ་ཅ་ན་ཕར་རྒྱུ་ཚུར་ར་རྒྱ་ཐོས་པའི་སྒྲ་ཅནདང་རྔམ་པ་[ཤིན་ཏུ་བྲེལ་བ དང་རྒོད་བག་འབད་རྩོལ་དང་
ཨུ་ཚུགས ཅན་དུ་མི་གཏང་གི། ཅི་ནས་ཀྱང་ཕར་རྒྱུ་ཚུར་རྒྱུ་མི་ཚོར་བར་དལ་བུ་དལ་བུས་འབད་པ་མེད་
པར་འཇུག་པ་དེ་ལྟར་བྱའོ། ཞེས་གསུངས་པ་ལྟ་བུའོ།
རྔོ་ཅི་ཐོགས་པ ནུས་པ་གང་ཡོད་ཀྱིས། ཅི་ནུས་ཀྱིས། ཅི་ནུས་པས། དེ་ཡང་འདུལ་བ་ལུང་གཞིའི་རྒྱ་ཆེར་
བཤད་པ་ལས། རྔོ་ཅི་ཐོགས་པས་ཞེས་བྱ་བ་ནི་ཅི་ནུས་པས་སོ། ཞེས་གསུངས་པ་ལྟར་།
རྔོ་ཐོགས་པ། ༿ ཕན་ཐོགས་པ། ༿ ནུས་པ། དཔེར་ན། ནུས་པ་གང་ཡོད་ཀྱིས་ཞེས་པ་ལ། རྔོ་ཅི་ཐོགས་པས་
ཞེས་པ་ལྟ་བུའོ།
རྔོག་འགྱུར། རྔོག་ལོ་ཙཱ་བ་བློ་ལྡན་ཤེས་རབ་ཀྱི་འགྱུར་ལ་ཟར། ལོ་ཙཱ་བ་འདི་ལ་རྔོག་ལོ་བསྟན་པའི་ཉི་མ་བློ་ལྡན་
སྦྱི
ཤེས་རབ་ཡང་ཟེར།
རྔོག་ལོ་ཆེན་པོ། ལོ་ཙཱ་བ་རྔོག་བློ་ལྡན་ཤེས་རབ་ལ་ཟེར།
རྔོག་ལོ་བསྟན་པའི་ཉི་ ལོ་ཙཱ་བ་རྔོག་བློ་ལྡན་ཤེས་རབ་ལ་ཟེར།


tibetan OCR www.dharmabook.ru
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*