168
སྒོར་རླུང་ཉེ་ཆེ་བ་དེ་རྒྱུ་བ་མ་གཏོགས་ཁམས་དཀར་དམར་གྱི་འདུ་འཕྲོད་མེད་པ་དང་། ངན་སོང་གསུམ་
ལ་
ཁམས་དཀར་དམར་གྱི་འདུ་འཕྲོའི་བདེ་བ་ཡོད་ཀྱང་། དེ་རྣམས་ཆོས་སྒྲུབ་པའི་རྟེན་དུ་མིང་རུང་བ་
དང་།
གླིང་གཞན་གསུམ་གྱི་མི་ལ་ཁམས་དཀར་དམར་གྱི་འཕྲོ་འདུའི་བདེ་བ་ཡོད་ཀྱང་། དེ་རྣམས་ཚེ་སྔ
མར་བསགས་པའི་ལས་
ཀྱི་འབྲས་བུ་ཆེ་འདིར་མོང་བའི་ལོངས་སྤྱོད་ཀྱི་ས་པ་ཡིན་པའི་ཕྱིར་དང་། ཆེ་
འདིར་
ལམ་སྒོམ་པའི་འབྲས་བུ་ཚེ་འདིར་ཐོབ་པའི་ལས་ཀྱི་ས་པ་མ་ཨིན་པའི་ཕྱིར། འཛམ་བུ་གླིང་པའི་མི་
ཉིད་
གསང་སྔགས་ཀྱི་ལམ་ཉམས་སུ་ལེན་པའི་རྟེན་དུ་ངེས་སོ།
སྔགས་པ། ༿ གསང་སྔགས་ཉམས་སུ་ལེན་མཁན། ༿ བཤེས་གཉེན་རིང་དུ་བསྟེན་པ། གཞུང་ལུགས་གདམས་
པར་ཤར་བ།
རྣམ་དཔྱོད་དང་ལྡན་པ། ཐོས་དོན་ཉམས་སུ་ལེན་པ། གཞི་ལམ་འབྲས་གསུམ་གྱི་རྣམ་
གཞག་
ལ་མ་རྨོངས་པའི་སྒོ་ནས་གསང་སྔགས་ཉམས་སུ་ལེན་པ་ཞིག་ལ་སྔགས་པ་ཞེས་ཟེར་ཏེ། རྗེའི་སྔགས་
རིམ་ཆེན་མོ་ལས།
བཤེས་གཉེན་དམ་པ་རིང་དུ་བསྟེན་པ་ཡིས། ཕྱོགས་རེས་མ་ཚིམ་ཚིམས་གཞུང་ལུགས་
གདམས་པར་ཤར།
ལུང་དོན་རིགས་པ་ཕྲ་མོས་འབྱེད་ནུས་ཤིང་། ཐོས་པའི་དོན་ལ་སྒྲུབ་པ་སྙིང་པོར་
བྱེད།
སྨིན་བྱེད་དབང་དང་གྲོལ་བྱེད་ལམ་དང་ནི། བསྒྲུབས་པའི་འབྲས་བུ་ཀུན་ལ་མ་རྨོངས་པས། རྡོ་རྗེ་
ཐེག་པའི་ལམ་གྱིས་བགྲོད་
བྱེད་པ། དེ་ལ་མཁས་རྣམས་གསང་སྔགས་པ་ཞེས་སྨྲ། ཞེས་གསུངས། ༿
ཡང་བུ་སྟོན་རིན་པོ་ཆེས། མཚན་ལྡན་རྗེ་ལ་གསོལ་བ་ཐོ ལུས་ནི་ལྷ་སྐུ་ངག་ནི་སྔགས། ཡིད་ནི་ཕྱག་རྒྱ་
ཆེན་པོ
ར་བསྒོམ། འདི་བཞི་ལྡན་ན་སྔགས་པ་འོ། ཞེས་གསུངས།
སྔགས་བླ་མེད་ཀྱི་ཡོ་བྱད་བཅུ་གཉིས། བླ་མེད་རྣལ་འབྱོར་པ་རྣམས་ལ། ད་གོས་པའི་ཡོ་བྱད་བཅུ་གཉིས་
ནི།
རྡོ་རྗེ་དྲིལ་བུ་དང་པོ་དང་། ཅང་ཏེའུ་གཉིས་པ་ཐོད་པ་གསུམ། ཁ་ཊཾ་བཞི་པ་རུས་རྒྱན་ལྔ། རིན་
ཆེན་རྒྱན་བརྒྱད་
དྲུག་པ་དང་། གཅུག་ཏོར་པྲོག་ཞུ་བདུན་པ་ཡིན། དགང་བླུག་བརྒྱད་པ་བུམ་པ་དགུ། ཕྲེང་
བ་བཅུ་
པ་རོ་གདན་ད་ང་། སྟག་ལྤགས་ཤམ་ཐབས་བཅུ་གཅིག་པ། སྟོད་གཡོགས་སྨད་གཡོགས་བཅུ་གཉིས་
པ།
འདི་རྣམས་འབྱོར་ན་དངོས་སུ་འཆང་། ཡུལ་དུས་དགོས་པ་ད་གག་བྱ་དང་། མ་འབྱོར་ན་ཡང་བྲིས་
པ་ཡི།
དམ་ཚིག་རྫས་སུ་འཆང་དགོས་སོ། ཞེས་ཀློང་རྡོལ་བླ་མ་གསུང་།
སྔགས་ཚིག འདུལ་བ སྔགས་ཞེས་པའི་ཐད་དུ་གཟིགས།
སྔགས་རིམ་ཆེན་མོ། རྒྱལ་བ་ཁྱབ་བདག་རྡོ་རྗེ་འཆང་ཆེན་པོའི་ལམ་གྱི་རིམ་པ་གསང་བ་ཀུན་གྱི་གནད་རྣམ་པར་
ཕྱེ་བ་
ཞེས་བྱ་བ། རྗེ་ཙོང་ཁ་པ་ཆེན་པོས་མཛད། འདིས་རྒྱུད་སྡེ་བཞི་ཀའི་རྣམ་གཞག་རྒྱས་པར་བསྟན།


tibetan OCR www.dharmabook.ru
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*