ཅིར་ཡང་མི་རྟོག་པ། གནས་ཆ་རྙེད་པ་ན་ཡིན་འདི་མིན་གྱི་རྟོག་དཔྱོད་མི་བྱེད་པར་དམིགས་པ་ལ་སེམས་ལྷན་ནེ་
འཇོག་
པ་ལ་ཟེར། འདི་ནི་བདེ་གསལ་མི་རྟོག་པའི་ཏིང་ངེ་འཛིན་ཞེས་པའི་མི་རྟོག་པ་དང་དོན་གཅིག
ཅུང་པེང་།
(4) སྐྱུར་རྩིས་སྙལ་བ། ཕྱིས་སྨན་ཞེས་གྲགས་པ་དེ་ཡིན་པར་གསུང་། (2) ཆང་བུ།
ཅེ་ན། ཟེར་ན། ཞེ་ན། ཤེ་ན་རྣམས་དོན་འདྲ།
ཅའོ། ཟེར་རོ། ཞའོ། ཤའོ། དེ་འདྲ་ཟེར་རོ་རྣམས་དོན་འདྲ། དཔེར་ན། རི་རྣམས་ཀྱི་གཙོ་བོ་ཡིན་པས་ན་རིའི་
རྒྱལ་པོ་
ཞའོ་ལྟ་བུ།
ཅེས། ཞེས་དང་དོན་གཅིག། སྦྱོར་ཚུལ་ནི། ལྗོན་དབང་ལས། ག་ད་བ་དང་ད་དྲག་མ་ཐ ཅིང་ཅེས་ཅའོ་ཅེ་ན་
ཅིག
ཞེས་གསུངས་པ་ལྟར་རོ། ཞེས་ལ་སྟོས།
ཅེས་པ། ཟེར་བ།
ཅོལ་ཆུང་། འཁོས་ཆུང་། བློའི་མཐུ་ཞན་པ། བློ་རྒྱ་ཆུང་ ཀླད་མེད་བྱབ་ཆུང་། ཀླད་ཆུང་། ད་པེར་ན། བུ་སྟོན་
ཐམས་ཅད་མཁྱེན་པས།
དམ་པའི་ཚུལ་བཟུང་ཚུལ་འཆོས་མཁན་པོ་སྟེ། སྙན་པར་སྨྲ་ན་མི་ཆོས་ཁ་
གསག་ཅ་ན།
ཀུན་ད་ང་བསྟུན་ན་ཅོལ་ཆུང་བློ་སྣ་མང་། རང་ཚུགས་བཟུང་ན་གྱོང་པོ་ཤིང་ལག་
ཅ་ན།
བདག་གི་སྤྱོད་ལམ་ཇི་ལྟར་བྱས་གྱུར་ཀྱང་། ང་ན་པའི་བསྙད་པ་མ་བཏགས་མ་བྱུང་ཞིང་། ཐམས་
ཅད་དགའ་བའི་སྤྱོད་པ་མ་ཤེས་པས།
གཅིག་པུར་དབེན་པར་གནས་ན་མི་ལེགས་སས་མ། ཞེས་གསུང་ས་པ་
ལྟར་རོ།
གཅགས་པ། འཆང་བའམ་བཞག་པ། དཔེར་ན། ཡིད་ལ་གཅགས་པ་ཞེས་པ་ལྟ་བུ།
གཅད་དོ། མ་འོངས་པ གཅད་པར་བྱའོ། ཞེས་པའི་དོན་ཡིན།
གཅམ་གསག་གི་ཚིག གཅ་མ་བུ་ད་ང་ཁ་གསག་གི་ཚིག་སྟེ། བསྙེན་བཀུར་གྱི་ཕྱིར་སྨྲས་པའི་ངོ་བསྟོད་དང་འཛམ་
པོའི་ཚིག
གཅེའུ། ལྕགས་ལས་བྱས་པའི་དུ་ཁུང་ས།
གཅེར་བུ་ལ་ཟ ་བྱིན་པའི་ལྟུང་བྱེད། འབའ་ཞིག་དགུ་བཅུའི་ཞེ་བཞི་པ། དགོས་པ་ཁྱད་པར་ཅན་མེད་པར་མུ་
སྟེགས་
ཀྱི་རབ་བྱུང་ལ་ཟས་བིུན་ཞིང་དེས་ཐོབ་པའོ།


tibetan OCR www.dharmabook.ru
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*