185
ཆེ་བ། (1)ཆུང་བའི་ལྡོག་ཕྱོགས། (2) ཡོན་ཏན། ད་པེར་ན་ཆེ་བ་བཞི་ལྡན་གྱི་ཆོས་ཞེས་པ་ལྟ་བུ། (8) བསླབ་བྱ་ལ་
ཚུལ་བཞིན་དུ་བསླབ་པར་
འདོད་པའི་སྐྱེས་བུ། དཔེར་ན་སོ་སོར་ཐར་པའི་མདོ་ལས། ཆེ་བ་གང་དག་ང་ག་
ཙམ་གྱིས།
ལྡོག་པའི་མཆམས་ལས་མི་འདའ་བ། དེ་དག་མི་རྟ་བཟང་པོ་སྟ། ཉོན་མོང་ས་གཡུལ་ལས་
ཐར་
པར་འགྱུར། ཞེས་གསུངས་པ་ལྟ་བུ།
ཆེ་བ་བཞི་དང་ཁྱད་ཆོས་ཆེན་པོ་གསུམ། བྱང་ཚུབ་ལམ་གྱི་རིམ་པའི་ཆེ་བ་བཞི་ད་ང་ཁྱད་ཆོས་ཆེན་པོ་གསུམ་
ལས།
ཆེ་བ་བཞི་ནི། བསྟན་པ་ཐམས་ཅ་ད་འགལ་མེད་དུ་རྟོགས་པའི་ཆེ་བ། གསུང་རབ་མ་ལུས་གདམས་
ངག་ཏུ་འཆར་བའི་ཆེ་བ།
རྒྱལ་བའི་དགོངས་པ་བདེ་བླག་ཏུ་རྙེད་པའི་ཆེ་བ། ཉེས་སྤྱོད་ཆེན་པོ་རང་
འགགས་སུ་འགྲོ་བའི་ཆེ་བ་
སྟེ་བཞི་དང་། ཁྱད་ཆོས་གསུམ་ནི། མདོ་སྔགས་ཀྱི་གསུང་རབ་ཐམས་ཅད་ཀྱི་
བརྗོད་བྱ་བསྡུས་ནས་བསྟན་པས་བརྗོད་བྱ་མ་ཚང་བ་མེད་པ།
སེམས་འདུལ་བའི་རིམ་པ་གཙོ་བོར་བྱས་
ནས་བསྟན་པས་ལག་ཏུ་
བླང་བདེ་བ། ཤིང་རྟ་ཆེན་པོ་གཉིས་ཀྱི་ལུགས་ལ་མཁས་པའི་བླ་མ་གཉིས་ཀྱི་
གདམས་པས་བརྒྱན་པས་ལུགས་གཞན་ལས་ཁྱད་པར་འཕགས་པ་གསུམ་།
ཤིང་རྟ་ཆེན་པོ་གཉིས་ཀྱི་
ལུགས་ལ་མཁས་པའི་བླ་མ་གཉིས་ནི།
ཀླུ་སྒྲུབ་ཀྱི་ལུགས་ལ་མཁས་པའི་བླ་མ་རིག་པའི་ཁུ་བྱུག་ད་ང་།
ཐོགས་མེད་ཀྱི་ལུགས་ལ་མཁས་པའི་བླ་མ་གསེར་གླིང་པ་གཉིས་ལ་ཟེར།
ཆེ་ལོང་། (4) གཙོ་བོ། (2) རགས་ རགས་རིམ།
ཆེ་ལོང་ཆེ་ལོང་།
གཙོ་བོ་དག་པས་ཀྱང་གཙོབ།
ཆེད་གཏད། ཆེད་དུ་གཏད། ཆེད་གཉེར། ཆེད་དུ་གཉེར། རྐང་གཏད། དམིགས་བཀར། དམིགས་སུ་བཀར།
ཚེད་དུ་བརྗོད་པའི་སྡེ། གསུང་རབ་ཡན་ལག་བཅུ་གཉིས་ཀྱི་ལྔ་པ་ཆེད་དུ་བརྗོད་པའི་སྡེ་ནི། མཆིམས་མཛོད་
ལས།
གང་ཟག་གི་མིང་དང་རིགས་མ་བརྗོད་པར་དམ་པའི་ཆོས་དང་བསྟན་པ་ཡུན་རིང་དུ་གནས་པར་བྱ་
བའི་ཕྱིར་
ཡི་རང་ནས་གསུངས་པ་ཆེད་དུ་བརྗོད་པའི་སྡེ་དང་། ཞེས་གསུངས།
ཚེད་དུ་བརྗོད་པའི་ཆེད་དུ་རྗོད་པར་བྱེད། མགུ་བའི་ཚིག་རྗོད་པར་བྱེད་པ།
ཚེད་དུ་བྱ་བའི་གདུལ་བྱ། གདུལ་བྱའི་གཙོ་བོ།
ཆེན་པོ། ཆུང་ཆུང་གི་ལྡོག་ཕྱོགས། ཆེན་པོའི་སྒྲ་འཇུག་གཞི་བརྒྱད་ཡོད་ད། (4) མཆོག། དཔེར་ན། ཐེག་པ་མཆོག་
ལ་
ཐེག་པ་ཆེན་པོ། ཞེས་པ་ལྟ་བུ། རིམ་ལྔ་གསལ་སྒྲོན་ལས་ཀྱང་། སྲོག་ནི་སྲོག་རླུང་དང་། ཆེན་པོ་ནི་
མཆོག་གི་
དོན་ནོ། ཞེས་གསུངས་པ་ལྟ་བུ། (2) ཚད་མེད་པ། དཔེར་ན། བྱམས་པ་ཆད་མེད་ལ་བྱམས་པ་


tibetan OCR www.dharmabook.ru
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*