1 86
་ཆེན་པོ། ཞེས་པ་ལྟ་བུ། (8) མང་དུ་ཤེས་པ། དཔེར་ན། རིག་པའི་གནས་མང་དུ་ཤེས་པ་ལ་མཁས་པ་ཆེན་
པོ།
ཞེས་པ་ལྟ་བུ། (1) འབར་བ། དཔེར་ན། བརྩོན་འགྲུས་འབར་བར་གྱུར་པ་ལ་བརྩོན་འགྲུས་ཆེ་བ།
ཞེས་པ་ལྟ་བུ། (5) ལྷག་པར་གྱུར་པ། དཔེར་ན། སྤྲོ་ཤུགས་ལྷག་པར་གྱུར་པ་ལ་སྤྲོ་བ་ཆེ་བ། ཞེས་པ་ལྟ་བུ།
(6) ལས་ཤིན་ཏུ་བྱ་བར་དཀའ་བ་བསྒྲུབ་པ། ད་པེར་ན། ལས་ཤིན་ཏུ་བྱ་བར་དཀའ་བ་བསྒྲུབ་པ་ལ་ལས་ཀྱི་
བདག་ཉིད་ཆེན་པོ།
ཞེས་པ་ལྟ་བུ། (7) ཤིན་ཏུ་རྨད་དུ་བྱུང་བ། དཔེར་ན། ཤིན་ཏུ་རྨད་དུ་བྱུང་བ་ལ་ངོ་
མཚར་ཆེ།
ཞེས་པ་ལྟ་བུ། (8) ཐེག་ཆེན་གྱི་ལམ་སྒྲུབ་པར་བྱེད་པ་པ་པོ། དཔེར་ན། ཐེག་ཆེན་གྱི་ལམ་སྒྲུབ་
ར་བྱེད་པ་པོ་ལ་སྐྱེས་བུ་ཆེན་པོ། ཞེས་པ་ལྟ་བུའོ། རྗེའི་འགྲེལ་པ་བཞི་སྦྲགས་ལ་གཞི་བྱས།
ཆེམ་མེ། མི་གཡོ་བ། ལྷན་ལྷན་རྣམས་དོན་གཅིག། ལྷན་ལྷན་མི་གཡོ་བ་ལ་འཇུག་པ་ནི། རྗེའི་ལམ་རིམ་ཆེན་མོ་
ལས།
དེས་ན་སེམས་དམིགས་པ་ལས་མི་གཡེང་བར་གར་བཞག་ཏུ་ལྷན་ལྷན་སྡོད་པ་ནི་ཞི་གནས་ཀྱི་ལག་
རྗེས་ཡིན་ལ།
ཞེས་གསུངས་པ་ལྟ་བུ།
ཆེ་མ་མེ་ཆེམས་། ཡོངས་སུ་གཡོ་བ་དང་བྲལ་བ། དཔེར་ན་ཕ་རོལ་གྱི་དམག་ཚོགས་འོངས་པ་ན་གྲོང་ཁྱེར་
གྱི་
མི་རྣམས་མི་གཡོ་བར་ཆེམ་མེ་ཆེམས་སེར་གནས་པར་གྱུར་ཏོ། ཞེས་པ་ལྟ་བུ། འདུལ་བ་ལུང་གཞིའི་
རྒྱ་ཆེར་བཤད་པ་སོགས་ན་གསལ།
ཆེམ་མེ་བས་ཀྱང་ཆེས་ཆེམས་། ཆེ་མ་མེ་ཆེམས་སེ་དང་དོན་འདྲ།
ཆེས། ཤིན་ཏུ། ཧ་ཅང་།
ཆེས་ཆེར། ཆེས་ཆེ་བ།
ཆོ་ག པཀལྤ» (4) ཐབས། བཟང་པོའི་བྱ་བ་སྒྲུབ་བྱེད་ཀྱི་ཐབས། མཚོ་བྱིཀ་ལས། ཆོ་ག་ཡིན་ཏེ། རིགས་པ་རྗེས་
སུ་བསྒྲུབ་པ
འི་ཕྱིར་རོ། ཞེས་གསུངས། དཔེར་ན་རབ་ཏུ་བྱུང་བའི་ཐབས་ལ་རབ་ཏུ་བྱུང་བའི་ཆོ་ག་ཞེས་པ་
ལྟ་བུ། (2) བྱ་བ། ད་པེར་ན་གནས་མ་ལ་བཤམས་པའི་བྱ་བ་ལ། གནས་མལ་གྱི་ཆོ་ག། ཞེས་པ་ལྟ་བུ། (8)
ལེའུ་དང་། རྟོག་པ། རབ་བྱེད་བཅས་ལ་འཇུག། རྗེའི་འགྲེལ་པ་བཞི་སྦྲགས་ལས། ཆོ་གའི་སྐད་དོད་ཀལྤ་
ཞེས་པ་
རྟོག་པ་ལ་ཡང་འགྲོ་བས། རྟོག་པ་བཅུ་བདུན། དུམ་བུ་བཅུ་བདུན། རིམ་པར་ཕྱེ་བ་བཅུ་བདུན་།
མདོར་ན་གཞུང་ལ་ལེའུ་དུ་ཡོད་པའི་ཚད་དོ། ཞེས་གསུངས་པ་དང་མཐུན། ཆོ་གའི་སྒྲ་འཇུག་ཡུལ་གཞན་
ཡང་མང་དུ་ཡོད་པ་གཞན་ལས་ཤེས་པར་བྱའོ།
ཆོ་ག་མཐུན་པ། (4) བྱ་བ་གང་ཡང་རུང་བ་ཞིག་བསྒྲུབ་པའི་ཐབས་མཐུན་པ། (2) ལུས་དང་ངག་དང་ཡིད་


tibetan OCR www.dharmabook.ru
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*