87
བསྡམས་པར་མཐུན་པའམ་མཚུངས་པ།
ཆོ་ག་གསུམ་བསྐྱེད། ལྷ་བསྐྱེད་ཚུལ་ཞིག། ཆོ་ག་ནི་ཐབས་ཀྱི་དོན་ཡིན་པས་ཐབས་མི་འདྲ་བ་གསུམ་གྱི་སྒོ་ནས་ལྷ་
བ་སྐྱེད་པའི་དོན། ཀློང་རྡོལ་བླ་མས་ཀྱང་། ས་བོན་ཕྱག་མཚན་སྐུ་རྫོགས་པ། ཆོ་ག་གསུམ་བསྐྱེད་བྱེད་ཚུལ་
ཡིན།
ཞེས་དང་། པཎ་ཆེན་བློ་བཟང་ཆོས་རྒྱན་གྱི་རྡོ་རྗེ་འཇིགས་བྱེད་ཀྱི་བསྐྱེད་རིམ་དངོས་གྲུབ་སྙེ་མ་ལས།
དཀྱིལ་འཁོར་རྒྱལ་མཆོག་གི་ལྷ་རྣམས་ཆོ་ག་གསུམ་བསྐྱེད་ཀྱི་སྒོ་ནས་བསྐྱེད་པ་ཨིན་ཏེ། ཡབ་ཡུམ་སྙོམས་
པར་ཞུགས་པའི་
ཐུགས་ཀའི་ཧྲུ་གི་འོད་ཟེར་གྱིས་མཁའ་ཁྱབ་ཀྱི་སང་ས་རྒྱས་ཐམས་ཅད་བཀུག་ནས་རང་བི་
ལ་དུ་བཅུག། ཐུགས་ཀར་རྗེས་ཆགས»་ཀྱི་མེས་ཞུ་བའི་བྱང་ཆུབ་ཀྱི་སེམས་རྡོ་རྗེའི་ལམ་ནས་ཡུམ་གྱི་
པདྨར་
ཕབ་པའི་ཐིག་ལེ་གཉིས་ལས། ཆ་གཅིག་གཞལ་ཡས་ཁང་གདན་བཅས་དང་། ཆ་གཅིག་གད་ན་
རྣམས་ཀྱི་སྟེང་དུ་
ཆ་བཅུ་བདུན་དུ་གྱུར་པའི་ཆ་བཅུ་གསུམ་ལས་ས་བོན་བཅུ་གསུམ་དང་། དེ་ལས་ཕྱག་
མཚན་
བཅུ་གསུམ་དང་། དེ་རྣམས་ཡོངས་སུ་གྱུར་པ་ལས་ལྷ་བཅུ་གསུམ་དུ་བསྐྱེད་པ་ཡིན་ལ། ཐིག་ལེ་ཆ་
བཞི་
ལས་ཎ་ཡོ་ནི་རའི་ཡི་གེ་བཞི་དང་། དེ་བཞི་ལས་ཐོད་པ་བཞིར་བསྐྱེད་པ་ཨིན་པའི་ཕྱིར། ཞེས་གསུངས།
ཆོ་འཕྲུལ། ཡ་མཚན་བསྐྱེད་པའི་སྒོ་ནས། གཞན་གྱི་ཡིད་འགྲོག་པ་དང་ད་བང་དུ་སྡུད་པར་བྱེད་པ།
ཆོ་འཕྲུལ་མཆོད་རྟན། མཆོད་རྟེན་ཆ་བརྒྱད་ཀྱི་བཞི་པ་སྟེ། འདི་ལ་མུ་སྟེགས་ཕམ་བྱེད་ཀྱི་མཆོད་རྟེན་ཡང་ཟེར།
དེའི་རྒྱུ་མཚན་ཡང་མཉན་ཡོད་ཛེ་ཏཱའི་ཚལ་དུ་མུ་སྟེགས་སྟོན་པ་དྲུག་ཆོ་འཕྲུལ་གྱིས་ཕམ་པར་མཛད་པའི་
ཚེ་བ
ཞེངས་པས་དེ་སྐད་བརྗོད། དེའི་དབྱིབས་གྲུ་བཞི་བང་རིམ་བཞི་པ་ཕྱོགས་རེ་རེར་གློ་འབུར་དང་
བཅས་པའམ།
ཟླུམ་པོ་བང་རིམ་བཞི་པ་པད་འདབ་ཅན་གྱི་མཆོད་རྟེན་ཞིག
ཆོ་འཕྲུལ་དུས་ཆན། ཆོ་འཕྲུལ་དུས་ཆེན་འདི་དུས་ནམ་གྱི་ཆེ་བྱུང་བ་ནི། བདག་ཅ་ག་གི་སྟོན་པ་ཤཱ་ཀྱ་ཐུབ་པ་
དགུང་ལོ་ང་བདུན་པ་མེ་ཕོ་འབྲུག་གི་ལོར་བྱུང་། ཇི་ལྟར་བྱུང་བའི་ཚུལ་ནི། བཅོམ་ལྡན་འདས་འཁོར་
དཔག་ཏུ་མེད་པ་དང་བཅས་རྒྱལ་པོའི་ཁབ་ཀྱི་འོད་མའི་ཚལ་ན་བཞུགས་པའི་ཆེ། མུ་སྟེགས་ཀྱི་སྟོན་པ་
རྫོགས་
བྱེད་སོགས་དྲུག་བཅོམ་ལྡན་འདས་ལ་རྒྱལ་བློན་ཁྱིམ་བདག་ཡུལ་མི་རྣམས་ཀྱིས་དད་པ་དང་བསྙེན་
བཀུར་བྱེད་པ་ཇེ་མང་དང་། དེ་རྣམས་ལ་ཇེ་ཉངུ་དུ་འགྲོ་བའི་ཕྲག་དོག་གིས་ཡིད་སྐྱོད་དེ་བཅོམ་ལྡན་འདས་
ལ་
འགྲན་སེམས་ཀྱིས་ཆོ་འཕྲུལ་འགྲན་པར་ཞུས་པའི་མཐར་ཞལ་གྱི་བཞེས་ཏ། ཧོར་ཟླ་དང་པོའི་ཆེས་
གཅིག་
ནས་བཅོ་ལྔའི་བར་ཉིན་རེར་ཆོ་འཕྲུལ་མི་འདྲ་བ་རེ་རེ་བསྟན་ཏེ་ཕྱི་ནང་གི་གདུལ་བྱ་དཔག་ཏུ་མེད་པ་
སྨིན་གྲོལ་གྱི་ལམ་ལ་
འགོད་པར་མཛད། འདི་དག་གི་ཚེ་མུ་སྟེགས་ཀྱི་སྟོན་པ་དྲུག་ཆོ་འཕྲུལ་སྟོན་པར་འདོད་


tibetan OCR www.dharmabook.ru
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*