90
ཆོས་ཀྱི་རྗེ། (4) སངས་རྒྱས་བཅོམ་ལྡན་འདས། སྒྲ་བཤད་ནི། དམ་པའི་ཆོས་ཀྱི་མངའ་བདག་ཏུ་གྱུར་པའི་ཕྱིར་
ར་རམ།
ཡང་ན་ལུང་རྟོགས་ཀྱི་ཆོས་ཐུགས་རྒྱུད་ལ་མངའ་བའི་སྒོ་ནས་དེའི་བདག་པོར་གྱུར་པའི་ཕྱིར་ཆོས་ཀྱི་
རྗེ་ཞེས་བྱའོ། (2) ཆོས་སྨྲ་བ་རྣམས་ཀྱི་ནང་ནས་གཙོ་བོ།
ཆོས་ཀྱི་སྡོམ་བཞི། ལྟ་བ་བཀའ་རྟགས་ཀྱི་ཕྱག་རྒྱ་བཞི་དང་དོན་གཅིག འདུས་བྱས་ཐམས་ཅད་མི་རྟག་པ།
ཟག་བཅ་ས་ཐམས་ཅད་སྡུག་བསྔལ་བ། ཆོས་ཐམས་ཅད་སྟོང་ཞིང་བདག་མེད་པ། མྱ་ངན་ལས་
འདས་པ་ཞི་བ་
དམ་པའོ། སྒྲ་བཤད་ནི། ན་ང་སངས་རྒྱས་པའི་གྲུབ་མཐའི་གནད་ཐམས་ཅད་དེར་འདུས་
པས་
ན་སྡོམ་ཞེས་བྱ།
ཆོས་ཀྱི་རྣམ་གྲང ཆོས་ཀྱི་རྣམ་པ་མང་པོ། ཆོས་ཀྱི་དབྱེ་བ། ཆོས་ཀྱི་བྱེ་བྲག་གམ་ཁྱད་པར། རྣམ་གྲངས་ནི།
རྣམ་དབྱེ། རྣམ་པའི་དབྱེ་བ། ད་བྱེ་བ། རབ་དབྱེ་ལ་ཟེར། བརྒྱད་སྟོང་པའི་དཀའ་འགྲེལ་སྙིང་པོ་མཆོག་ན་
གསལ།
སྒྲ་བཤད་ནི། རང་རང་གི་ཐུན་མོངས་མ་ཡིན་པའི་མཚན་ཉིད་འཛིན་པས་ན་ཆོས། རྣམ་ནི་རྣམ་
པ།
གྲངས་ནི་གྲངས་མང་པོའི་བསྡུས་ཚིག་སྟ ཆོས་ཀྱི་རྣམ་པ་མང་པོ་ཞེས་པའི་དོན་ན་ནོ། འདུལ་བ་ལུང་
གཞིའི་
རྒྱ་ཆེར་བཤད་པ་ལས་ཀྱང་། ཆོས་ཀྱི་རྣམ་གྲངས་ཞེས་བྱ་བ་ནི་ཆོས་ཀྱི་རྣམ་པ་འམ་གོ་རིམས་སོ།
ཞེས་གསུངས།
ཆོས་ཀྱི་མིག ཟག་མེད་ཀྱི་ཤེས་རབ།
ཆོས་ཀྱི་སརྒ་མ་ལོག་པ། ཆོས་ཀྱི་འཇུག་སྒོ་མ་ནོར་བ་ལ་ཟེར།
ཆོས་སྐུ། པདྷཱརྨ་ཀ་ཡ» དགེ་ལུགས ཆོས་སྐུ་ལ་གཉིས་ཏ། ཆོས་ཉིད་རྟོགས་པའི་ཆ་ནས་ཆོས་སྐུ་དང་། ཆོས་ཉིད་
ཡིན་པས་
ཆ་ནས་ཆོས་སྐུར་བཞག་པ་གཉིས་ཏེ། དང་པོ་ནི། དྲི་མ་མཐའ་དག་གིས་དབེན་པའི་སང་ས་རྒྱས་
ཀྱི་ཐུགས་
ཟག་པ་མེད་པའི་ཡེ་ཤེས་ལྟ་བུ། གཉིས་པནི། དེའི་ཆོས་ཉིད་ལྟ་བུ། བཀའ་བརྒྱུད གདོད་མ་ནས་
རང་ཆས་སུ་ཡོད་པ
འི་སེམས་ཀྱི་ཆོས་ཉིད་ལ་ཟར། ཡོན་ཏན་ནམ་ཆོས་ཐམས་ཅ་ད་ཀྱི་འབྱུང་ཁུང་ས།
རང་རིག་པའི་ཡེ་ཤེས་དྲི་མ་ཐམས་ཅད་དང་བྲལ་བ་ཡེ་གདོད་མའི་སངས་རྒྱས་སོ། ངེས་ཚིག་ནི།
ཅྭཱརྨཿཀཱ་ཡ། ཀཱ་ཡའི་དཔྱིང་ས་ནི། ཙི་ཙ་ཡེ་ཞེས་པ་བསགས་པ་སྟེ། ཟག་མེད་ཀྱི་ཚོས་བསགས་པས་ན་ཆོས་
སྐུ་ཞེས་པའོ།
ཆོས་སྐོར། ཆོས་ཚན། ཆོས་ཀྱི་སྡེ་ཚན། ཆོས་ཀྱི་རིགས། དཔེར་ན་འཕགས་སྐོར་གྱི་ཆོས་སྐོར་རྣམས་བདག་གིས་
ཡོང་ས་སུ་རྫོགས་པར་
མནོས་ཞེས་པ་ལྟ་བུ།


tibetan OCR www.dharmabook.ru
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*