19
ཆོས་འཁོར་མཆོད་རྟན། མཆོད་རྟེན་ཆ་བརྒྱད་ཀྱི་གསུམ་པ་སྟ སྟོན་པ་ཐུབ་པའི་དབང་པོས་ཡུལ་ཝ་ར་ཎ་སྱིར་
ཆོས་
འཁོར་བསྐོར་བའི་ཆེ་བཞེངས་པ། གྲུ་བཞི་བང་རིམ་བཞི་གློ་འབུར་དང་བཅས་པ་སྒོ་རབ་བརྒྱ་རྩ་བརྒྱད།
འབྲིང་ང་དྲུག། ཐ་མ་བཅུ་དྲུག་དང་ལྡན་པའི་མཆོད་རྟེན། དེ་ལ་ཡེ་ཤེས་མཆོད་རྟེན་ཡང་ཟེར།
ཆོས་འཁོར་བསྐོར་བར་བསྐུལ་བ། ཕྱོགས་བཅུའི་ཞིང་དུ་བྱང་ཆུབ་ཏུ་མངོན་པར་སངས»་རྒྱས་ཏེ་རིང་
པོར་མ་ལོན་པ་
རྣམས་ལ་ཆོས་སྟོན་པར་སྐུལ་མའམ་གསོལ་བ་གདབ་པ།
8 ཆོས་གོས་ཀྱི་ཟ་མ་ཏོག། རྩྭ་འདམ་བུའི་སྡོང་པོ་ཕྲ་ཞིང་མཉན་པ་ལ་སོགས་པ་ལས་བཟོས་པའི་ཆོས་གོས་བཞག་
སའི་སྣོད་ཟླུམ་པོ་ཞིག
ཆོས་གོས་རྣམ་གསུམ། བླ་གོས། མཐང་གོས། [མཐང་ཞེསཔ་སྨད་ད་ང་ནང་གཉིས་ཀ་ལ་འཇུག་པར་བ་ཤད སྣམ་སྦྱར་དང་
གསུམ་ལ་ཟེར། གཞུང་ཆེན་མོ་རྣམས་སུ་ཆོས་གོས་རྣམ་གསུམ་གྱི་གྲངས་འདྲེན་པ་ན། བླ་གོས། བླ་གོས་ནི་
ཡོང་ས་གྲགས་ཀྱི་ཆོས་གོས་དང་། མཐང་གོས། མཐང་གོས་ནི་ཤམ་ཐབས། ཆོས་གོས་དང་གསུམ་ཞེས་འབྱུང་། ཆོས་
གོས་རྣམ་གསུམ་
ཕྱིནང་ཚན་གྱི་ཆོས་གོས་ཞེས་པ་སྣམ་སྦྱར་ལ་ཟེར།
ཆོས་གྲག ངབྷརྨ་ཀིརྟི» སློབ་དཔོན་ཕྱོགས་གླང་གི་སློབ་མ། རིགས་པའི་དབང་ཕྱུག་དཔལ་ཆོས་ཀྱི་གྲགས་པ་ནི།
རྒྱ་གར་ལྷོ་ཕྱོགས་རྒྱལ་དབང་གཙུག་གི་ནོར་བུ་ཞེས་བྱ་བའི་མུ་སྟེགས་ཀྱི་བྲམ་ཟེའི་རིགས་སུ་འཁྲུངས། ཆུང་
ངུ་ནས་སྒྲ་
ལེགས་པར་འབྱོངས། ནང་པའི་བསྟན་པ་ལ་རབ་ཏུ་བྱུང་ནས་སྦྱངས་པ་མཛད་ཅི་ང་། སློབ་དཔོན་
དབང་ཕྱུག་སྡེ་ལ་ཚད་མ་ཀུན་ལས་བཏུས་
པ་ལན་གསུམ་གསན། དེ་ནས་སློབ་དཔོན་གྱིས་གྲངས་ཅན་གྱི་
གྲུབ་མཐའི་གསང་ཚིག་རྣམས་རྟོགས་པའི་དོན་དུ་བྲན་དུ་བརྫུས་ཏེ། ཞང་པོའི་ཆུང་མའི་གཡོག་བྱས་ནས་
མགུ་བར་བྱས་ཏེ།
གྲུབ་མཐའི་གནད་ལ་འདི་འདྲ་འདྲི་དགོས་བྱས་པས། འདོད་པ་སྤྱོད་པའི་ཆེ་དྲི་ཡི་ཁྱོད་
རང་ཡིད་ལ་
ཟུངས་ཤིག་ཟེར་ནས། མོའི་རྐང་པ་ལ་ཐག་པ་བཏགས་ནས་གང་དཀའ་བ་དེ་ལ་ཐག་པ་འཐེན་
ནས་ལེགས་པར་ཤེ་ས་པ
ར་བྱས་ཏ། རྩོད་པས་མུ་སྟེགས་ཐམས་ཅད་ཚར་བཅད་དེ་ཆོས་ལ་བཀོད། བསྟན་
བཅོས་ཀྱང་།
ཚད་མ་རྣམ་འགྲེལ། རྣམ་ངེས། རིགས་ཐིག། གཏན་ཚིགས་ཐིགས་པ། འབྲེལ་པ་བརྟག་པ།
རྒྱུད་གཞན་གྲུབ་པ། རྩོད་པའི་རིགས་པ་བཅས་ཚད་མ་སྡེ་བདུན་དང་། རྣམ་འགྲེལ་ལེའུ་དང་པོའི་རང་
འགྲེལ་
བཅས་བརྩམས་ས་སོ། བསྟན་བཅོས་རྣམས་མཁས་པའི་གྲྭ་སར་འགྲིམས་པས་ཕལ་ཆེར་གྱིས་མ་ཤེས་
སོ།
ལ་ལས་ཤེས་ཀྱང་ཕྲག་དོག་གིས་ཉེས་སོ་ཞེས་བསྒྲགས་ཏེ་ཁྱིའི་མཇུག་མ་ལ་བཏགས་པས། སློབ་དཔོན་
གྱིས།
ཁྱི་གྲོང་དང་སྲང་ལམ་ཀུན་ཏུ་རྒྱུ་བ་བཞིན་བསྟན་བཅོས་ཀྱང་དར་བར་འགྱུར་རོ། ཞེས་གསུང་ས་ནས་


tibetan OCR www.dharmabook.ru
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*