205
དབུས་སུ་ཆུད་ནས་ཕྲད་པའི་རྐྱེན་གྱིས་དེ་འདྲ་འི་འབྱུང་བ་ཡིན། དེ་ལ་ཉེར་ཐོབ་དང་ཤིན་ཏུ་སྟོང་པ་ཞེས་བྱའོ། ཉེར་ཐོབ་ལའང་
དྲན་བཅས་ད་ང་དྲན་མེད་གཉིས་ལས། ཉེར་ཐོབ་ཀྱི་སྟོད་དྲན་བཅས་དང་། སྨད་ནི་གང་ཡང་མི་དྲན་པར་དྲན་མེད་དུ་བརྒྱལ་བ་ལྐར་
ནག་འཐོམས་ཀྱིས་འགྲོ་བར་གསུངས་སོ། འབྱུང་བ་ཐིམ་རིམ་སྐབས་སྣང་པ་དཀར་ལམ་པ་དང་། དམར་ལམ་པའམ་དམར་སེར།
ནག་ལམ་པ་གསུམ་འབྱུང་བའི་རྐྱེན་བཤད་པ་འདིའི་ཁུངས་ཡང་། རྗེའི་གསུང་རིམ་ལྔ་གདན་རྫོགས་ཀྱི་ཁྲིད་ཡིག་ལས། འདི་ནི་
སྣང་བ་གསུམ་རིམ་གྱིས་ཐིམ་ནས་རླུང་རྣམས་སྙིང་གའི་མི་ཤིགས་པ་ལ་ཐིམ་པ་དང་། སྤྱི་པོའི་ཐིག་ལེ་དཀར་པོ་མར་བབས། སྟེ་
བའི་དམར་པོ་ཡར་འོངས་ཏེ་སྙིང་གའི་ཐིག་ལ་ལ་འདུས་པའི་སྐབས་ཡིན་ནོ། ཞེས་གསལ་བར་གསུང་ས་པ་ལྟར་ར་རོ ཉེར་
ཐོབ་འོད་གསལ་ལ་ཐིམ་པའི་དུས་སུ་སློད་བྱེད་ཀྱི་སྐྱོན་ཟླ་ཉི་སྨག་གསུམ་དང་བྲལ་བའི་ཐོ་རངས་ཀྱི་ནམ་
མཁའ་གཡའ་དག་ལྟ་བུའི་སྟོང་སང་འཆར་རོ། དེ་ལ་འོད་གསལ་དང་ཐམས་ཅད་སྟོང་པ་ཞེས་བྱའོ། དེ་
ལྟ་བུའི་ཐ་མལ་པའི་འཆི་བ་འོད་གསལ་ལ་སྙོམས་པར་ཞུགས་པ་ལ་ཐུགས་དམ་ལ་བཞུགས་པའི་ཐ་སྙད་
བྱེད་དོ། འོ་ན་འཆི་བ་འོད་གསལ་དེ་སྤྱིར་འོད་གསལ་མཚན་ཉིད་པ་ཡིན་ནམ་མིན་ཞེ་ན། རྣལ་འབྱོར་པས་འོད་གསལ་མ་བུ་
བསྲོས་ཏེ་ལྐ་ཐོག་ཏུ་འཇོག་པ་ནི་འོད་གསལ་མཚན་ཉིད་པ་ཡིན་ཀྱིང་། དེ་ལྐར་མ་ཡིན་པར་ཐ་མལ་པ་ལ་རང་ཤུགས་ཀྱིས་ཤར་
བའི་འཆི་བ་འོད་གསལ་ནི་གཉིས་སྣང་རགས་པ་འགགས་པ་ཙམ་ལ་འོད་གསལ་ཞེས་བཏགས་པ་ཙམ་ཡིན་གྱི་མཚན་ཉིད་པ་མ་
ཡིན་ནོ་ཞེས་མཁས་པ་འགའ་གསུང་ངོ་། འོད་གསལ་མ་བུ་བསྲོས་ཞེས་པ་ནི། ལམ་དུས་སུ་བསྒོམས་སྟོབས་ཀྱིས་ཤར་བའི་འི་འོད་
གསལ་ལ་བུའི་འོད་གསལ་དང་། འཆི་དུས་ཀྱི་འོད་གསལ་ལ་མའི་འོད་གསལ་ཟིར་བས། དེ་གཉིས་འཚི་བ་འོད་གསལ་གྱི་དུས་
སུ་ངོ་ཤེས་ནས་བསྒོམས་པ་ལ་འོད་གསལ་མ་བུ་བསྲོས་པ་ཟེར། ས་ཆུ་ལ་ཐིམ་ཞེས་བརྔོད་ཀྱིང་། ས་ཁམས་ཡེ་མེད་དུ་སོང་བ་
མིན་ལ། སས་ཤེས་པའི་རྟེན་བྱེད་པའི་ནུས་པ་ཉམས་པ་ལ་ས་ཆུ་ལ་ཐིམ་ཞེས་སོ ཆུ་མེ་ལ་ཐིམ་ཚལ་སོགས་ཡང་དེ་དང་འདྲ།
རླུང་རྣམ་ཤེས་ལ་ཐིམ་ཞེས་སོགས་ནི། སྣ་སྒོར་རྒྱུ་བའི་ལུང་རགས་པས་ཤེས་པའི་རྟེན་མི་བྱེད་པའ་མ། ཡང་ན་ལུང་རགས་པ་དེ་
སྙིང་གའི་རྩ་མདུད་ཀྱི་ནང་གི་ལྷན་སྐྱེས་ཀྱི་ལུང་ཕྲ་བ་ལ་ཐིམ་པ་ཡིན་གྱི། ལྷན་སྐྱེས་ཀྱི་ལུང་ཕྲ་བ་ཐིམ་པ་ནི་མིན་པར་གསུངས་རྗེའི་
གསུང་ཟིན་བྲིས་རྫོགས་རིམ་དབྱིད་ཀྱི་ཐིག་ལེ་ལས་གསུངས་སོ། དེ་དུས་ལུང་རགས་པས་ཤེས་པའི་རྟེན་མི་བྱེད་ཀང་། ལྷན་སྐྲེས་
ཀྱི་ལུང་ཕྲ་མོས་ཤེས་པའི་རྟེན་བྱེད་པ་ཡིན་ན་ནོ། གཞན་ཡང་། རྔེའི་རིམ་ལྔ་གསལ་སྒྲོན་ལས། དེས་ན་སྔ་མ་ཕྱི་མ་ལ་ཐིམ་ཞེས་པ་ནི་
སྔ་མའི་ནུས་པ་བསྡུས་ནས་མི་གསལ་དུ་སོང་བ་ན། ཕྱི་མ་ལ་ནུས་པ་འཕོས་པ་འདྲ་བ་ཞིག་བྱུང་བ་དེར་བཏགས་པ་ཙམ་མོ། ཞེས་
གསུངས་པ་ཡང་དེ་དང་འདྲའོ། འབྱུང་བ་ཐིམ་རིམ་འདི་རང་བཞིན་གྱིས་འཚི་བ་ལ་མ་གཏོགས་ཆུར་བྱིང་ནས་གློ་བུར་དུ་འཆི་བ་
ལྐ
་བུ་མེད་པར་བཤད།
འཆི་བད་ག་སྡེ། (4) འཆི་བདག་གཤིན་རྗེའི་ཚོགས། (2)མ་རིག་པ་ནི་གཙོ་བོའམ་རྒྱལ་པོ་ལྟ་བུ་ཡིན་པས་འཆི་
བདག་ཅེས་བྱ་ལ། སྡེ་ནི་འཁོར་ཏེ་དེའི་འབྲས་བུ་སྐྱེ་བ་སོགས་པའི་ཡན་ལག་ལྷག་མ་བཅུ་གཅིག་གོ། དཔེར་
ན་སོ་སོར་ཐར་པའི་མདོ་ལས། འད་མ་བུའི་ཁྱིམ་ལ་གླང་ཆེན་བཞིན། འཆི་བདག་སྡེ་རྣམས་གཞོམ་པར་
བྱ། ཞེས་གསུངས་པ་ལྟར་རོ མའི་སོ་ཐར་གྱི་མདོའི་འགྲེལ་པ་ལ་གཞི་བྱས།


tibetan OCR www.dharmabook.ru
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*