207
འཆི་བ་ཆོས་སྐུའི་ལམ་འཁྱེར་གྱིས་འཆི་བ་སྲོང་ཚུལ། བསྐྱེད་རིམ་པའི་ཆོས་སྐུས་འཆི་བ་སྦྱོང་ཚུལ་ཇི་ལྟར་
ཡིན་སྙམ་ན། ཐ་མལ་པའི་འཆི་བ་རང་དགའ་བ་འབྱུང་བའི་དོད་ལ། རྣལ་འབྱོར་པ་ལ་ལྷག་མོས་འོད་
གསལ་དུ་བསྡུས་པའི་ཆོས་སྐུ་འབྱུང་བ་སྟེ། བསྐྱེད་རིམ་པའི་ཆོས་སྐུས་འཆི་བ་སྦྱོང་བའི་ཚུལ་ཡིན་ནོ།
ཞེས་གསང་འདུས་བསྐྱེད་རིམ་བློ་གསལ་བུང་བའི་རེ་སྐོང་ལས་གསུངས་པ་ལྟར་བཀོད།
འཆི་བ་ཆོས་སྐུའི་བསྲེ་བ། བསྲེ་བ་སྐོར་དགུའི་བདུན་པ་དང་འཆི་དུས་ཀྱི་བསྲེ་བ་གསུམ་གྱི་ད་ང་པོ་ནི། འཆི་བའི་
འོད་གསལ་ཆོས་སྐུ་དང་བསྲེ་བ་ནི། འཛམ་བུ་གླིང་པའི་མི་ཁམས་དྲུག་ལྡན་ཞིག་རིམ་གྱིས་འཆི་བའི་ཆེ་
སྙིང་གར་རང་ཤུགས་ཀྱི་རླུང་འདུ་བའི་གནད་ཀྱིས། འཆི་བའི་ཚེ་སྣང་མཆེད་ཐོབ་འོད་གསལ་དང་བཅས་
(
9) པ་ཡོངས་སུ་རྫོགས་པར་འཆར་ཞིང་། དུས་དེར་ཤར་བའི་འོད་གསལ་ནི་མའི་འོད་གསལ་ཡིན་ལ། སྙིང་
ག་ལ་སོགས་པའི་གནས་རྣམས་སུ་གནད་དུ་བསྣུན་པ་ལ་བརྟེན་ནས། སྣང་མཆེད་ཐོབ་འོད་གསལ་དང་
བཅས་པ་ཤར་བའི་འོད་གསལ་ནི་བུའི་འོད་གསལ་ཡིན་ཞིང་། འཆི་བའི་ཆེ་རླུང་སྡུད་པར་རྩོམ་པ་ན་སྙིང་
གའི་
སྡུད་རིམ་ལེགས་པར་བསྒོམས་ཏ། འོད་གསལ་མ་བུ་འདྲེས་པའི་འོད་གསལ་ཤར་བའི་ཚོ། ལྟ་ཐོག་ཏུ་
ལེགས་པར་བཞག་སྟ། འོད་གསལ་ལ་ཇི་ཙ་མ་གནས་གནས་ཀྱི་བར་འཇོག་པ་ནི་འཆི་བ་ཆོས་སྐུའི་བསྲེ་
བའོ།
རྗེའི་གསུང་ལྟར་བཀོད།
འཆི་བ་འོད་གསལ། འཆི་དུས་ཀྱི་འོད་གསལ། དེ་ལ་མའི་འོད་གསལ་ཡང་ཟེར། ཉེར་ཐོབ་འོད་གསལ་ལ་ཐིམ་
ཞིང་།
ཉེར་ཐོབ་ཀྱི་སྨད་དྲན་མེད་དེ་སང་ས་ནས། གཉིས་སྣང་རགས་པ་ཅུང་ཟད་ཀྱང་མེད་པར། སྟོན་གྱི་
ནམ་མཁའ་གཡའ་དག་པ་ལ་
ཟླ་འོད་ཉི་འོད་མུན་པ་སྟ། སློད་བྱེད་ཀྱི་རྐྱེན་གསུམ་དང་བྲལ་བའི་ཐོ་རངས་ཀྱི་
ནམ་མཁའི་རང་
མདོག་ཇི་ལྟ་བ་བཞིན། སྟོང་སང་ཤིན་ཏུ་དང་ས་པའི་སྣང་བ་སྟོང་ཉིད་མངོན་སུམ་དུ་རྟོགས་
པའི་མཉམ་གཞག་གི་
སྣང་བ་འདྲ་བ་འཆར་བ་དེ་ལ་ཟེར། དེ་ལྟར་འཆར་བའི་རྐྱེན་ཡ་ང་། ཐིག་ལེ་ད་ཀར་
དམར་གཉིས་
མི་ཤིགས་པའི་ཐིག་ལེ་དཀར་དམར་ལ་ཐིམ། དབུ་མའི་ནང་གི་རླུང་ཐམས་ཅད་ཀྱང་ཤིན་ཏུ་
ཕྲ་བའི་སྲོག་འཛིན་གྱི་རླུང་ལ་ཐིམ་པས། དང་པོ་ནས་ཡོད་པའི་ཤིན་ཏུ་ཕྲ་བའི་རླུང་སེམས་མངོན་དུ་གྱུར་
པས་ན།
དེ་འདྲའི་སྣང་བ་ཤར་གྱི། ཕྱི་རོལ་ནས་ནམ་མཁའི་སྟོང་སང་སྣང་བ་ནི་མ་ཡིན་ནོ། འཆི་བ་འོད་
གསལ་ལ།
འོད་གསལ་མཚན་ཉིད་པ་ཡིན་མིན་གཉིས་ཡོད་པར་གསུང་ས་ཏེ། རྣལ་འབྱོར་པས་འོད་
གསལ་མ་བུ་བསྲེས་ཏེ་ལྟ་ཐོག་ཏུ་འཇོག་པའི་འོད་གསལ་ནི། འོད་གསལ་མཆན་ཉིད་པ་ད་ང་། དེ་ལྟར་མ་
ཡིན་པར་
ཐ་མལ་པ་ལ་རང་ཤུགས་ཀྱིས་ཤར་བའི་འཆི་བ་འོད་གསལ་ནི་གཉིས་སྣང་རགས་པ་འགགས་པ་


tibetan OCR www.dharmabook.ru
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*