ཇི་ཞིག (1) ཇི་ལྟ་བུ་ཞིག། ཇི་འདྲ་ཞིག། གང་ཞིག། དཔེར་ན། འདི་ལ་འདྲི་བར་བྱ་ཇི་ཞིག་ཡོད་དེ། ཞེས་པ་ལྟ་བུ།
(8) ནམ་ཞིག
ཇི་
ཞིག་ལྟར། ༿ རང་དགར། དོན་མེད་། ཕལ་སྐད དེ་ག་ས། སྤྱོད་འཇུག་ལས། ཞེ་སྡང་སྲེད་སོགས་དགྲ་རྣམས་
ནི།
རྐང་ལག་ལ་སོགས་ཡོད་མིན་ལ། དཔའ་མཛང་ས་མིན་ཡང་ཇི་ཞིག་ལྟར། དེ་དག་གིས་བདག་བྲན་
བཞིན་བྱས།
ཞེས་པ་ལྟ་བུའོ། ༿ སྟེས་དབང་། སྟབས་ལེགས་པ། འབད་རྩོལ་མེད་པ། དཔེར་ན། སྤྱོད་
འཇུག་ཆེན་མོ་ལས།
ཇི་ཞིག་ལྟར་རྙེད་སྐྱེ་བ་ནི། བདག་གིས་དོན་མེད་བྱས་པ་མཆར། ཞེས་པ་ལྟ་བུའོ།
ཇི་ཞིག་ལྟར་སྟེས། ༿རང་དགར་སྟེས་དབང་གིས། སྟབས་ལེགས་ནས། དཔེར་ན་སྤྱོད་འཇུག་ལས། ལོང་བས་
ཕྱག་དར་ཕུང་པོ་ལས།
ཇི་ལྟར་རིན་ཆེན་རྙེད་པ་ལྟར། དེ་བཞིན་ཇི་ཞིག་ལྟར་སྟེས་ནས། བྱང་ཆུབ་
སེམས་འདི་བདག་ལ་
སྐྱེས། ༿ ཚེ་འདིར་འབད་རྩོལ་བ་མ་བྱས་ཀྱང་སྔར་གྱི་བསོད་ནམས་ཀྱི་དབང་གིས།
དཔེར་ན། རྒྱ་གར་གྱི་སློབ་ད་པོན་བཻ་རོ་ཙན་རཀླི་ཏའི་སྤྱོད་འཇུག་གི་འགྲེལ་པ་ལས། ཇི་ཞིག་ལྟར་སྟེས་ཞེས་
པ་ནི་བསོད་ནམས་ཀྱིས་སོ།
ཞེས་གསུངས་པ་ལྟར་རོ།
ཇི་ཞིག་ན། ནམ་ཞིག་ན།
ཇི་སྲིད་འཚོ་བཅང་གི་སྨན། སྨན་བཞིའི་ཡ་གྱལ་ཏེ། ཨ་རུ་བ་རུ་སྐྱུ་རུ་སོགས་འཇིག་རྟེན་ཡོངས་གྲགས་ཀྱི་སྨན་གྱི་
རིགས་ཐམས་ཅད་ད་དོ།
ཇི་སྲིད་འཚོའི་བར་བསྟེན་རུང་བས་དེ་ལྟར་དུ་བརྗོད་དོ། དེ་ལ་སྨན་ཞེས་བརྗོད་པ་
ནི་
རླུང་མཁྲིས་བད་ཀན་གསུམ་འདུས་པའི་ནད་བད་ཀན་སྨུག་པོ་ལྟ་བུ་སེལ་བར་བྱེད་པས་དེ་སྐད་ཅེས་
བརྗོད་དོ།

ཇེ། འཕེལ་འགྲིབ་ཀྱི་ཁྱད་པར་སྟོན་པའི་སྒྲ་ཞིག
ཇེ་ཉུང་།
ཉུང་དུ།
ཇེ་ཉུང་ཇེ་ཉུང་། ཉུང་དུ་ཉུང་དུ།
ཇེ་ཕྲ་ཇེ་ཕྲར། ཕྲ་རུ་ཕྲ་རུ།
ཇོ་ནང་པ། ཇོ་མོ་ནང་པར་གྲགས་པའི་ལྟ་བའི་ཁུངས་གཏུག་ས་ནི་གངས་ཏེ་སའི་འགྲམ་དུ་གྲུབ་ཆེན་ཡུ་མོ་ཞེས་བྱ་
བ་ཏིང་ངེ་འཛིན་དང་མངོན་ཤེས་ཐར་ཐོར་ཡོད་པ་ཞིག་བྱུང་འདུག་པ་དེ་ཡིན་པར་གྲགས་ཤིང་།
དེས་དུས་
ཀྱི་འཁོར་ལོའི་ཡིག་ཆ་འགའ་ཞིག་ཀྱང་མཛད།
ལུགས་དེ་རྒྱས་པར་བྱེད་པ་པོ་ནི་ཀུན་མཁྱེན་དོལ་པོ་བ་ཤེས་
རབ་རྒྱལ་
མཆན་ཡིན་པར་འདུག་ཅིང་། ཕྱིས་སུ་ཇོ་ནང་ཀུན་དགའ་གྲོལ་མཆོག་དང་། ཁྱད་པར་དུ་གྲོལ་


tibetan OCR www.dharmabook.ru
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*