21 5
གསུང་ཟིན་བྲིས་རྫོགས་རིམ་དཔྱིད་ཀྱི་ཐིག་ལེ་ན་གསལ།
འཇའ་ལུས་ཀྱི་སྐུ། འཇའ་ལུས་དང་འདྲ།
འཇིག་རྟེན། (4) ཁམས་གསུམ་འཁོར་བའི་གནས། (2)ཁམས་གསུམ་པའི་འགྲོ་
འཇིག་རྟེན་མཁྱེན་པ། སངས་རྒྱས་ཀྱི་མཚན་གྱི་རྣམ་གྲངས་ཤིག སྒྲ་བཤད་ནི། ཉིན་མཚན་དུས་དྲུག་ཏུ་གདུལ་
བྱའི་འཇིག་རྟེན་ལ་གཟིགས་ནས་
ཆོས་ཀྱི་སྐལ་པ་དང་ལྡན་མི་ལྡན་མཁྱེན་པར་མཛད་པའོ།
འཇིག་རྟེན་གྱི་ཁམས་བྱེ་བ་ཕྲག་བརྒྱ། སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས།
འཇིག་རྟེན་གྱི་མ་མོ་བདུན། ཚངས་པ་། ཚངས་པའི་ཆུང་མ ཁྱབ་འཇུག་། ཁྱབ་འཇུག་གི་ཆུང་མ
དྲ་ག་། དྲ་ག་པོ་དབང་ཕྱུག་གི་ཆུང་མ ད་བང་། བརྒྱ་བྱིན་གྱི་ཆུང་མ གཞོན་ནུ་མ། གཞོན་ནྭུ་གདོང་
དྲུག་གི་ཆུང་མ
ཕག་མོ་དང་། རྒན་བྱད་མ་སྟེ་བདུན་ནོ། ཞེས་རྗེའི་འགྲེལ་པ་བཞི་སྦྲགས་ལྟར་བཀོད།
འཇིག་རྟེན་ཆོས་བརྒྱད། རྙེད་པ་བྱུང་ན་དགའ་ལ། མ་བྱུང་ན་མི་དགའ་བ བདེ་བ་བྱུང་ན་དགའ་ལ། སྡུག་
བསྔལ་བྱུང་ན་མི་
དགའ་བ། སྙན་གྲགས་བྱུང་ན་དགའ་ལ། མ་བྱུང་ན་མི་དགའ་བ། བསྟོད་ན་དགའ་ལ་སྨད་
ན་
མི་དགའ་བའི་ཆགས་སྡང་གི་བློ་བརྒྱད་པོ་རྣམས་ས་སོ། དེ་ལ་ཆོས་བརྒྱད་ཀྱང་ཟེར། དེ་ཡང་ཀླུ་སྒྲུབ་ཀྱིས།
འཇིག་རྟེན་མཁྱེན་པ་རྙེད་དང་མ་རྙེད་ད་དང་། བདེ་དང་མི་བདེ་སྙན་ད་ང་མི་སྙན་དང་། བསྟོད་སྨད་ཅེས་
བགྱི
འཇིག་རྟེན་ཆོས་བརྒྱད་པོ། བདག་གི་ཡིད་ཡུལ་མིན་པར་མགོ་སྙོམས་མཛོད། ཅེས་གསུངས་པ་ལྟར་
རོ
ཆོས་བརྒྱད་མགོ་སྙོམས་ལ་གཟིགས།
འཇིག་རྟེན་ན་གྲགས་པའི་རྒན་པ་བཞི། རྒྱལ་པོ་ལ་སོགས་པ་རིགས་ཀྱིས་རྒན་པ། ནོར་ཕྱུག་པ་ནོར་གྱིས་རྒན་པ།
རྣོར་གྱིས་རྒན་པ་དང་རིགས་མཉམ་ན་ཡང་ན་ཚོད་ཀྱིས་རྒན་པ། ཐོས་པ་ཆེ་བ་སོགས་ཡོན་ཏན་གྱིས་རྒན་
པ་དང་
བཞིའོ།
འཇིག་རྟེན་པའི་མེ་ལྷ་རིགས་མི་འདྲ་བ་བཅུ་གཉིས། དབང་ཆེན་སེར་པོའི་མེ་ལྷ། འཛིན་བྱེད་
ད་ཀར་པོའི་མེ་ལྷ། རླུང་ནག་པོའི་མེ་ལྷ། དམར་པོ་ནུབ་ཁའི་ཉི་མདོག མྲྀ་ཊཾ་ཁམ་པ།
ཁྲོ་བོ་དུད་ུད་ཁ། ལྟེ་བ་སྣ་ཚོགས་མདོག བྲང་བ་གློག་འོད་འདྲ་བ། ཡིད་ལས་སྐྱེས་ཚོགས།
འཇིག་རྟེན་འཛིན་པ། ཤ་ཀྱི་མེ། མུགས་བྱེད་མེ་ལྷ་སྟེ་བཅུ་གཉིས་སོ། སྐབས་འདིའི་མེ་ལྷ་ནི་
འཛིན་བྱེད་མེ་ལྷ
་དཀར་པོ་དེ་ཡིན།


tibetan OCR www.dharmabook.ru
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*