219
གསལ་བའི་སྒྲོན་མེ། བདེ་བ་ཅ་ན་གྱི་སྨོན་ལམ་རྣམས་ཀྱང་དོན་གྱི་ངོ་བོ་གོ་རིམ་སོགས་འཇམ་དབྱང་ས་ཀྱིས་
གསུངས་པ་བཞིན་མཛད་པར་གསུང་། རྗེའི་གསུང་ནང་ངན་སྨྲས་ཟུར་ཟ་ལྟ་ཞོག ཕ་རོལ་པོའི་མིང་པིས་
ངོས་སུ་སྨྲས་ྨྲས་ཏེ་དགག་བཞག་མཛད་པའང་ཕལ་ཆེར་མི་སྣང་། གསུང་རབ་འདི་དག་ས་དབེ་བཀའ་རྙིང་
སུས་ུས་བལྟ
ས་ཀྱང་རྣམ་དཔྱོད་ད་ང་དད་པ་རང་ཤུགས་ཀྱིས་འཕེལ་ལ་ལོ། མདོར་ན། རྗེའི་ལེགས་བཤད་འདི་
དག་བཤད་
ཤེས་པ་ཞིག་གིས་བཤད། ཉན་ཤེས་པ་ཞིག་པིས་མཉན་ན། ཤེས་རབ་ཀྱི་ཀློང་རྡོལ་བ་དང་།
རྣམ་དཔྱོད་ཅན་དགའ་བ་སྐྱེད་པའི་གནས་འབའ་ཞིག་ཏུ་ཡོད། གང་ས་ཅན་གྱི་སྐྱེ་བོ་དམ་པ་མཁས་པ་དང་
གྲུབ་པ་
གྲགས་པ་དོན་དང་ལྡན་པ་རྣམས་ཀྱིས་ནི། བདག་ཉིད་ཆེན་པོ་འདིའི་ཞབས་ལ་གཏུགས་པའམ།
བསྟོད་པའི་མེ་ཏོག་གིས་མངོན་པར་མ་མཆོད་པ་མེད་ད་དེ། འབྲི་གུང་ཆོས་རྗེ་གུ་བྲི་དོན་གྲུབ་རྒྱལ་པོ། སྟག་
ལུང་ཆོས་
ཇེ་བཀྲ་ཤིས་འོད་འབར། སྤྱན་སྔ་བསོད་ནམས་བཟང་པོ་སོགས་དང་། བྱང་བ་འི་ཞལ་ངོ་དགེ་
ཚུལ་ནམ་མཁའ་དཔལ་སོགས་མི་ཆེན་དང་། བླ་མ་རྔོག་པ་རིན་ཆེན་བྱང་ཆུབ་དཔལ་བ་ད་ང་། བོད་ཕྲུག་
གྲགས་པ་འབྱུང་གནས། ཀུན་ཅོར་རྟོགས་ལྡན་ལ་སོགས་བཀའ་བརྒྱུད་ཕྱོགས་ཀྱི་རྣལ་འབྱོར་གྱི་དབང་ཕྱུག་
ཆེན་པོ་རྣམས་དང་།
ས་སྐྱ་པའི་བསྟན་པའི་རྩ་ལག་རོང་སྟོན་ཤཱཀྱ་རྒྱལ་མཆན། ངོར་པ་ཀུན་དགའ་བཟང་
པོ་སོགས་ཆོས་ཀྱི་རྒྱུད་
འཇིན་ཆེན་པོར་གྲགས་པ་ཕལ་མོ་ཆེས་ཆོས་ཀྱི་བཀའ་དྲིན་ཞུས་ཤིང་། ཁྱད་པར་དུ་
མཁས་པ
འི་དབང་པོ་ཡིད་བཟང་རྩེ་པ། སེམས་དཔའ་ཆེན་པོ་གཞོན་ནུ་རྒྱལ་མཆོག ཆོས་ཀྱི་རྗེ་བྱམས་པ་
གླིང་པ་སོགས་དེ་དག་གིས་ནི་རིགས་ཀྱི་ཅོད་པན་དུ་
འཇིན་པར་མཛད་ལ། བླ་མ་རྗེ་བཙུན་རེད་གདའ་བ།
བླ་མ་ད་བུ་མ་པ། ལྷོ་བྲག་ཕྱག་ན་རྡོ་རྗེ་སྟེ། རང་གི་བླ་མ་དམ་པ་རྣམས་ཀྱིས་ཀྱང་ཆོས་ཀྱི་བཀའ་དྲིན་ཞུས་
ཤིང་།
ཀུན་མཁྱེན་བོ་དོང་པ་ཆེན་པོས་ཀྱང་དངོས་མཇལ་མ་ཐུབ་ཀྱང་། མཁས་པ་ང་ང་པའི་དེད་དཔོན་བློ་
བཟང་ཞེས།
གྲགས་པ་མགྲིན་པའི་རྗ་རྔ་སྒྲོག་པ་ཅ་ན། ལེགས་བཤད་གཤོག་རླབས་དབང་པོ་དེའི་དྲུང་དུ།
འཇིགས་མེད་བུང་བ་གཞོན་ནུས་འདི་སྐད་ཞུ། ཞེས་བྱ་བ་སོགས་པ་སྙན་ང་ག་གི་ལམ་་ས་འོང་ས་པའི་ཞུ་
ཡིག་དུ་མ་ཕུལ་ཞིང་།
ལོ་ཙཱ་བ་ངག་དབང་གྲགས་པས་ཀྱང་། ཐུབ་དབང་ཞིང་དུ་ཁྱོད་ཉིད་འཁོད་ནས་
ནི།
ཐུབ་བསྟན་གསལ་བའི་འཕྲིན་ལས་འདི་འདྲ་ན། ཐུབ་པའི་རྒྱལ་ཆབ་བདག་གིས་ཅི་བྱ་ཞེས། མི་ཕམ་
མགོན་དེས་ཕྲག་དོག་མི་མཛད་དད་མ།
ཞེས་ད་ང་། སི་ཏུ་རྣམ་རྒྱལ་གྲགས་པས་ཀྱང་། ཀླུ་སྒྲུབ་ཡབ་སྲས་
ཞིང་གཞན་གཤེགས་པ་ན།
དབུ་མའི་ལམ་འདི་སྟོན་པ་གཞན་མེད་ཅས། སྒྲོ་སྐུར་བྲག་རིའི་ཕྱུང་པོ་གཞོམ་
སླད་དུ།
མགོན་ཁྱོད་རྡོ་རྗེའི་མེ་ཆར་ལྟ་བུར་གྱུར། ཅེས་སོགས་ཀྱིས་བསྟོད་ད་དོ། གཞན་ཡང་སྟག་ཆ་ང་ལོ་
ཅཱ་བས་སྐུ་ཚིའི་སྟོད་ལ་དགག་པ་དུ་མ་མཛད་ཀྱང་། ཕྱིས་ནི་རྗེ་བླ་མའི་ལེགས་བཤད་ལ་ཐུགས་ངེས་


tibetan OCR www.dharmabook.ru
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*