221
22
ཙ་བ་གཞོན་ནུ་དཔལ་གྱི་དེབ་ཐེར་སྔོན་པོ་ལས་ཀྱང་། རབ་ཏུ་བྱུང་བ་ནི་རྗེ་བཙུན་དམ་པ་བློ་བཟང་གྲགས་
པའི་དཔལ་གྱིས་
དང་པོ་སྐྱོར་མོ་ལུང་དུ་མཁན་ཆེན་བློ་གསལ་བ་ལ་འདུལ་བ་ལེགས་པར་བསླབས། ཕྱིས་
ད་བེན་པའི་
གནས་རྣམས་སུ་སྒྲུབ་པ་སྙིང་པོར་མཛད་པ་ན་ཡང་འདུལ་བའི་ཀུན་ཏུ་སྤྱོད་པ་ལས་མ་འདས།
ཕྱས་འཁོར་སྐྱོང་བའི་ཆེ་ན་ཡང་དྲུང་ན་འཁོད་པ་ཐམས་ཅད་འདུལ་བ་ནས་ཇི་སྐད་བཤད་པའི་ཆོས་གོས་
རྣམ་གསུམ་གདིང་བ་དང་ལྷངུ་བཟེད་ལ་སོགས་པ་མན་ང་ག་ལ་བརྟེན་ནས་སྒྱས་བུ་གསུམ་ལ་བློ་སྦྱང་ས་ནས་
འཁོར་བ་མཐའ་
དག་ལ་ཡིད་འབྱུང་བའི་བློས་སྡོམ་པ་ཐམས་ཅད་སོ་སོར་ཐར་པ་མཚན་ཉིད་པ་ལ་བཀོད།
དེ་དག་གི་སྤྱན་ལྟོས་ལ་བརྟེན་ནས་བོད་ཀྱི་ཁམས་འདིར་འདུལ་བའི་བསྟན་པ་ཉི་མ་ཤར་བ་ལྟར་གྱུར་པ་ཡིན་
ནོ།
ཞེས་དང་། ཡང་དེབ་སྔོན་ལས། དེ་ལ་ཇཙོང་ཁ་པ་ཆེན་པོས་ནི། བུ་རིན་པོ་ཆེས་མཛད་པའི་རིམ་པ་
ལྔའི་
མན་ངག་དང་། དེ་གང་ལ་བརྟེན་པའི་གསེར་སྡིངས་པའི་མན་ངག་རྣམས་དཔྱད་གཞིར་མཛད།
སྔགས་མཆན་ཉིད་ཀྱི་གསུང་རབ་སྤྱི་དང་། བྱེ་བྲག་ཏུ་འདུས་པའི་རྩ་བཤད་ཀྱི་རྒྱུད་དང་། རྒྱ་གར་ནས་བྱུང་
བའི་
འགྲེལ་པ་ཆེན་པོ་རྣམས་དང་། བོད་ཀྱི་ལུགས་རྣམས་ལའང་ལེགས་པར་བརྟགས་ཤིང་དཔྱད་ནས་
རིམ་ལྔའི་ཁྲིད་ཡིག་དང་། དེའི་དོན་རྒྱས་པར་འཆད་པ་རིམ་ལྔ་གསལ་བའི་སྒྲོན་མེ་མཛད་དེ། འདུས་པའི་
ལུགས་
ཉམས་པ་རྣམས་གསོ་བར་མཛད་དོ། གཞན་ཡང མཁས་མཆོག་དེ་ཉིད་ཀྱིས་རྗེ་ཙོང་ཁ་པ་ཆེན་པོ་
ལ་
ཐུབ་པའི་དབང་པོ་གཉིས་པ་ཞེས་གཟུ་བོར་གནས་པའི་ཆེ་བསྟོད་མང་དུ་མཛད་དོ། མདོར་ན།
མཁས་གྲུབ་ཆོས་རྗེས། ཚིག་སྤྱིའི་བཤད་སྒྲུབ་རྟགས་ཀྱི་དགེ་བྱོང་གིས། ཐུབ་བསྟན་མིང་ཙ་མ་ལྷག་མར་གྱུར་
པའི་ཆེ།
བསླབ་གསུམ་ལུང་རྟོགས་རྒྱལ་བའི་དམ་ཆོས་ཀུན། ཁྱོད་ཀྱིས་ཉིན་མོར་མཛད་ལ་གསོལ་བ་
འདིབསུ། ཞེས་གསུངས་པ་ལྟར། སངས་རྒྱས་ཀྱི་བསྟན་པ་བཤད་སྒྲུབ་གཉིས་ཀྱིས་སྒོ་ནས་ཉི་མོ་ལྟར་
གསལ་བ
ར་མཛད་པའི་བོ་ནས་བོད་གངས་ཅན་གྱི་ལྗོང་ས་ལ་སྲུ་དྲིན་ཤིན་ཏུ་ཆེ་བ་ཡིན་ནོ། མཚན་གྱི་རྣམ་
གྲང་ས་ནི།
རྗེ་ཙོང་ཁ་པ་བློ་བཟང་གྲགས་པ། རྗེ་ཙོང་ཁ་པ་ཆེན་པོ། རྗེ་ཐམས་ཅད་མཁྱེན་པ། རྗེ་བདག་ཉིད་
ཆེན་པོ།
རྗེ་བླ་མ། རྗེ་རིན་པོ་ཆེ་སོགས་མང་དུ་མཆིས། (1357--1419)
རེ་ཅོུང་ཁ་པ་ཆེན་པོའི་རྣམ་ཐར་རིགས་ཇི་ཡོད། རྗེ་ཙོང་ཁ་ཆེན་པོ་ཉིད་ཀྱིས་མཛད་པའི་རྟོགས་པ་རྗོད་
འདུན་ལེགས་མ། མྱ མཁས་གྲུབ་ཐམས་ཅད་མཁྱེན་པ ་མཛད་པའི་རྗེའི་རྣམ་ཐར་དད་པའི་འཇུག་
ངོགས།
མྱ མཁས་གྲུབ་ཐམས་ཅད་མཁྱེན་པས་མཛད་པའི་རྗེའི་རྣམ་ཐར་དཔལ་ལྡན་ས་གསུམ་མ།
མྱ འཇམ་དབྱངས་ཆོས་རྗེ་བཀྲ་ཤིས་དཔལ་ལྡན་གྱིས་མཛད་པའིརྗེའི་གསང་བའི་རྣམ་ཐར། མྱ


tibetan OCR www.dharmabook.ru
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*