229
རྗེན་པ། (4) སྒྲིག་གཡོག་མེད་པ། མངོན་སུམ། དཔེར་ན་རྗེན་པར་གཟིགས་ཞེས་པ་ལྟ་བུ། (2) མ་བཙོས་པའི་ཟ་
བའི་རིགས།
རྗེན་བཙོ ཆ་ལ་བརྟེན་པའི་ཉེས་བྱས་བརྒྱད་ཀྱི་བཞི་པ་ནི། དགེ་སློང་གིས་ཟས་རྗེན་པ་རུང་ཁང་སོགས་གནས་
གང་
ཡང་རུང་བར་འཚོད་པར་བྱེད་པའོ།
རྗེའི་སྲས། (4) རྒྱལ་པོའི་སྲས། སྒྲ་བཤད་ནི། རྒྱལ་པོ་ལ་རྗེ་བོ་ཟེར་ཞིང་། དེའི་བུ་ཡིན་པས་རྗེའི་སྲས་ཟེར།
(2) བླ་མ་རྩ་ཆེན་གྱི་སློབ་མ། (8) ཁྱིམ་བདག་གི་བུ། ཁྱིམ་བདག་གི་ཕ་ལ་རྗེ་བོ་དང་དེའི་བུ་ལ་སྲས་ཞེས་
ཟེར་བའང་ལུང་ཕྲན་ཆེགས་ཀྱི་འགྲེལ་པ་ན་གསལ།
རྗེའུ་རིག ངབཻབྱཿསྔར་རྒྱ་གར་གྱི་མི་རིགས་བཞིའི་ཡ་གྱལ་ཞིག་སྟེ། ཁྱིམ་ན་གནས་ཏེ་ཡོ་བྱད་འབྱོར་བས་ཕ་
མ་མཆོད་
པ་ལ་གཙོ་བོར་བྱེད་པ་དེ་དག་ལ་རྗེའུ་ཞེས་བྱ་ལ། དེའི་རྒྱུད་དུ་གཏོགས་པ་ལ་རྗེའུ་རིགས་ཟེར།
རྗེས་ཆག (4) སྙིང་བརྩེ་ དགའ་བ། (2) འདོད་ཆགས།
རྗེས་ཐམས་ཅད་ཀྱི་ནང་ནས་བ་ལང་གི་རྗེས་མཆོག་ག་གོ། ཁྱུ་མཆོག་གི་རྗེས་སུ་ཞུགས་ཏེ་སོང་ན་གཡང་ལ་ཟག་
པ་སོགས་ཀྱི་
གནོད་པ་མི་འབྱུང་ཞིང་། རྩྭ་ཆུ་སོགས་དང་ལེགས་པར་འཕྲད་ཅི་ང་། རང་འདོད་པའི་ཕྱོགས་
སུ་ད་ཀའ་
ཚེགས་མེད་པར་སླེབས་འགྲོ་བས། བརྟན་པ་དང་ཡིད་ཆེས་འོས་པ་དང་མི་བསླུ་བ་བཅ་ས་ཀྱི་དོན་
ཡིན།
རྟ་དང་བོང་བུ་ར་ལུགས་སོགས་ཀྱི་རྗེས་སུ་ཞུགས་ན་དེ་ལྟ་མིན་ན་ནོ།
རྗེས་ཐོབ་སྒུ་མ་ལྟ་བུའི་སྟོང་པ། མཉམ་བཞག་ཏུ་ཆོས་ཐམས་ཅད་རང་བཞིན་གྱིས་གྲུབ་པ་བཀག་ཙམ་གྱི་མེད་
དགག་
ལ་མཉམ་པར་བཞག་སྟོབས་ཀྱིས། རྗེས་ཐོབ་ཏུ་ཆོས་ཐམས་ཅ་ད་རང་བཞིན་གྱིས་སྟོང་ཡང་རང་
བཞིན་དུ་སྣང་བའི་གཟུགས་སོགས་ཀྱི་སྣང་བ་འཆར་བ་ལ་
ཟེར་ཏེ། རྗེའི་ལྷག་མཐོང་ཆེན་མོ་ལས། རང་
བཞིན་གྱིས་སྟོང་ཡང་རང་བཞིན་དུ་སྣང་བ་འི་གཟུགས་སོགས་ཀྱི་སྣང་བ་འཆར་བ་ལ་
སྒུ་མ་ལྟ་བུའི་སྟོང་ཉིད་
ཅེས་སྔོན་གྱི་མཁས་པ་རྣམས་གསུང་ངོ་།
ཞེས་གསུངས་པ་ལྟར་རོ། དེས་ན་རང་བཞིན་གྱིས་གྲུབ་པས་
སྟོང་
ཡང་ཐ་སྙད་ཙམ་དུ་སྣང་བ་དང་། བདེན་སྟོང་སྒུ་མ་ལྟ་བུ་རྣམས་དོན་འདྲའོ།
རྗེས་དཔག རྟགས་ལ་བརྟེན་ནས་དོན་མཐོང་བའི་། སྒྲ་བཤད་ནི། རྟག་མཐོང་ཞིང་འབྲེལ་བ་དྲན་པའི་རྗེས་སུ་
བསྒྲུབ་བྱ་ད་པོག་པས་ན་
དེ་སྐད་ཅེས་བྱའོ། ཡང་ན་རྒྱུ་མཆན་གྱི་རྗེས་སུ་འབྲངས་ཏེ་དོན་ད་པོག་པར་བྱེད་
པས་
ན་རྗེས་དཔག་ག་གོ། ཕྱི་མ་འདི་རྒྱལ་དབང་ཐམས་ཅད་མཁྱེན་པས་གསུངས།


tibetan OCR www.dharmabook.ru
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*