234
ཉལ་འགྲོ། རྒྱུག་ཆུ། འབབ་ཆུ། དཔེར་ན། པཎ་ཆེན་བློ་བཟང་ཆོས་ཀྱི་རྒྱལ་མཚན་གྱི་རང་རྣམ་ལས། པམའི་དྲ་
བས་ཁེབས་པའི་ཉལ་འགྲོའི་རྒྱུན།
ཡོང་ས་མཛེས་ཆུ་བྱའི་ཚོགས་རྣམས་སྙན་སྒྲོག་ཅིང་། རྨ་བྱ་གཞོན་ནུ་
དགའ་བའི་གར་བྱེད་པའི།
གནས་དེར་དལ་འབྱོར་དོན་ལྡན་བྱས་ན་སྙམ། ཞེས་གསུང་ས་པ་ལྟ་བུའོ།
ཉལ་པོ་བྱེད་པར་གཤོམ་པའི་ཁྱིམ་ན་འདུག་པའི་ལྟུང་བྱེད། འབའ་ཞིག་པ་དགུ་བཅུའི་ཞེ་གཉིས་པ། ཁྱིམ་པ་ཕོ་
མོ་ཉལ་པོ་བྱེད་པ་གཤོམ་པའི་ཁྱིམ་
ན་མངོན་སུམ་འདོམ་གང་གི་ནང་དུ་འདུག་པ་པོ་མོ་གཉིས་གོ་བའོ།
ཉལ་པོ་བྱེད་པར་གཤོམ་པའི་ཁྱིམ་ན་འགྲེང་པའི་ལྟུང་བྱེད། འབའ་ཞིག་དབུ་བཅུའི་ཞེ་གསུམ་པ། ཁྱིམ་པ་ཕོ་
མོ་ཉལ་པོ་བྱེད་པར་
གཤོམ་པའི་ཁྱིམ་ན་སྐྱབས་ཡོད་པར་འགྲེང་བར་བྱེད་པའོ།
ཉལ་ཕྱག།་ལངས་ཕྱག མཆན་མོར་ཉལ་ཁ་དང་། སྔ་དྲོ་ལང་ས་པའི་སྐབས་བླ་མ་དང་དཀོན་མཆོག་ལ་གུས་
ས་ཕྱག་འཆལ་བ།
ཉལ་བའི་ཀུན་སྤྱོད། མཆན་མོ་ལ་ཆ་གསུམ་དུ་བྱས་པའི་ཆ་བར་པའི་ཆ། གློ་གཡས་པ་ཕབ་སྟེ་རྐང་པ་གཡོན་
པ་གཡས་པའི་སྟེང་དུ་བཞག་ནས་སེང་གེ་ལྟར་ཉལ་བའོ།
སེང་བེ་ལྟར་ཉལ་བའི་དགོས་པ་ནི། ཆོས་ཉིད་
ཀྱིས་ལུས་ལྷོད་པར་མི་འགྱུར་བ་དང་།
གཉིད་ལོག་ནའང་དྲ་ན་པ་མི་བརྗེད་པ་དང་། གཉིད་སྟུག་པོར་མི་
འགྱུར་བ་དང་།
རྨི་ལམ་སྡིག་པའམ་ང་ན་པ་མི་རྨི་བར། རྗེའི་ལམ་རིམ་དུ་གསུངས།
ཉལ་བའི་རྣལ་འབྱོར། སྔགས སྟོང་པ་ཉིད་ཀྱི་རང་བཞིན་ལྷན་ཅིག་སྐྱེས་དགའི་ངོ་བོར་བད་ག་ཉིད་ཀྱང་འོད་
གསལ་
བའི་རང་བཞིན་དུ་ལྷག་པར་མོས་ནས་ཤེས་རབ་དང་ཐབས་ཀྱི་བདག་ཉིད་ཀྱིས་ཉལ་བའོ། ཞེས་
རྗེའི་
སྔགས་རིམ་ཆེན་མོ་ལྟར་རོ།
ཉི་མའི་གཉེན། གྲུ་འཛིན་དུ་རྒྱལ་པོ་བརྒྱ་ཐམ་པ་བྱུང་བའི་ཐ་མ་རྣ་བ་ཅན་གྱི་བུ་གཽ་ཏམ་དང་བྷ་ར་དྷཱ་ཛ་གཉིས་ལས།
སྔོན་མས་རབ་ཏུ་བྱུང་སྟེ་ལོ་མའི་སྤྱིལ་པོ་ཡིད་དུ་འོང་བའི་བསམ་གཏན་གྱི་ཁང་བུར་གནས་པའི་ཆ། གཡོན་
ཅ་ན་པདྨཱ
འི་ཙ་ལག་དང་བཟང་མོ་དགའ་ད་གུར་སྤྱོད་པའི་དུས་ལས་ཡོལ་བས། བཟང་མོ་བསད་པའི་རལ་
གྲི་
ཁྲག་ཅ་ན་ལོ་མའི་སྤྱིལ་བོའི་ཉེ་འདབས་སུ་བོར་བའི་རྐྱེན་གྱིས་གཽ་ཏ་མ་གསལ་ཤིང་ལ་བསྐྱོན་པའི་དུས།
དྲ་ང་སྲོང་མདོག་ནག་གི་རྫུ་འཕྲུལ་གྱི་གྲུ་ཆར་གྱི་ཐིག་པ་དང་། དྲི་བཞོན་ལུས་ལ་རེག་པའི་རྐྱེན་གྱིས་འདོད་
པའི་
གནས་རྗེས་སུ་དྲན་པའི་ཡིད་ཀྱི་ཤིང་རྟས་དྲང་ས་ཏེ། ཁམས་ཀྱི་ད་ང་ས་མ་གཉིས་ལྷན་ཅིག་ཏུ་ལྷུངས་པ་
ལས་
སྒོ་ང་གཉིས་སུ་གྱུར་པ་ཉི་འོད་ཀྱིས་བསྐྱང་ས་ཤིང་ཁྱེའུ་གཉིས་བུ་རམ་གྱི་ཤིང་གསེབ་ཏུ་ཞུགས་པས་
མིང་དེ་ལྟར་དུ་གྲགས།


tibetan OCR www.dharmabook.ru
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*