237
ཉེ་བའི་ལྔ་སྡེ། གྲགས་པ། ལག་བཟང་། བ་ལང་བདག། དྲི་མེད། གང་པོདང་ལྔའོ།
ཉེ་བར། (4) ཚིག་རྒྱན ཁད་ཉེ་བའམ། ཐག་ཉེ་པོར། རང་དང་ཉེ་བར་འཇོག་པ་ཞེས་པ་ལྟ་བུ། (2) ཡང་ཡང་ཞེས་
འི་དོན་ལའང་འཇུག་སྟེ། ཉེ་བར་ལེན་པ། དྲན་པ་ཉེ་བར་འཇོག་པ་ཞེས་པ་ལྟ་བུ། (3) འཕྲལ་དུའམ་ངེས་
པར།
ཉེ་བར་མཁོ་བ་ཞེས་པ་ལྟ་བུ། (1) ཡང་དག་པར། ལེགས་པར། རྫོགས་པར། སྡུག་བསྔལ་ཉེ་བར་ཞི་
བ་ཞེས་
པ་ལྟ་བུ་དང་། གཞན་ཡང་། སྔགས་རིམ་ཆེན་མོ་ལས། དེའི་ཕྱིར་ཡང་དག་པར་རྫོགས་པའི་སངས་
རྒྱས་དང་།
དེས་ཉེ་བར་བསྟན་པ་དང་། དེ་ལ་ཚུལ་བཞིན་དུ་སློབ་པ་རྣམས། ཞེས་པ་ལྟ་བུ། གཞན་ཡང་།
སློབ་དཔོན་ཚུལ་ཁྲིམས་བསྐྱངས་ཀྱིས་ཉེ་བར་སྦྱར་བ་ཕྲན་ཚེགས་ཀྱི་ཚིག་གི་རྣམ་པར་བཤད་པ་ལས་སྒོ་དང་
པོ་རྫོགས་ས་སོ།
ཞེས་པ་ལྟ་བུའོ།
ཉེ་བར་ལེན་པའི་ཕུང་པོ། ཉེར་ལེན་གྱི་ཕུང་པོ་དང་དོན་འདྲ།
ཉེ་དབང་སྲུབ་ཤིང་། ཇ་སོགས་དཀྲུག་བྱེད་ཀྱི་ཤིང་ཞིག། ཇ་དཀྲུགས་སམ། ཐུག་སྐྱ་ལྟ་བུ་ཞིག་ལ་བཤད་།
ཉེ་ཚིག བསླབ་པ་རྒན་པ་ལ་འབོད་པའི་ཚིག་ཅིག། དཔེར་ན་བསླབ་པ་རྒན་པ་ལ་བཙུན་པ་ཞེས་བརྗོད་པ་བཞིན་
ནོ།
སྒྲ་བཤད་ནི། བློ་ཉེ་བའམ་གཅེས་པའི་ཚིག་ཡིན་པས་དེ་སྐད་ཅེས་བྱ།
ཉེ་ཞོ་མེད་པ། སྐྱོན་མེད་པ། བར་ཆད་མེད་པ།
ཉེ་རེག ཁྲུས་ཀྱི་མིང་། དེའི་ཚུལ་ནི། གསང་བ་འདུས་པའི་མདུན་བསྐྱེད་ཀྱི་སྐབས་ལྟ་བུར། དྲིལ་བུ་དང་བཅས་ཏེ།
ཕྱག་གཡོན་པར་དུང་ཆུ་བླངས་ཏེ། གཡས་པའི་གུང་མོ་ད་ང་། སྲིན་ལག་ཅུང་ཟད་བཀུག་ནས་ཆུ་བླངས་ཏེ།
དང་པོར་ཁ། གཉིས་པར་རྣ་བུག་གཉིས། གསུམ་པར་མིག་གཉིས། བཞི་པར་སྣ་གཉིས། ལྔ་པར་ཡང་ཁ།
དྲུག་པར་ཕྲག་པ་གཉིས། བདུན་པར་ལྟེ་བ། བརྒྱད་པར་མགོ་བོ། དེ་ནས་ཧུབ་གསུམ་བྱས་པའི་མཐར།
དྲིལ་བུའི་སྒྲ་དང་བཅས་ཏེ། ཕྱིར་དོར་བའི་སྟངས་ཀ་བྱའོ།
ཉེར་ཐོབཉེར་ཐོབ་དང་། སྣང་བ་ཉེར་ཐོབ། ཉེར་ཐོབ་ནག་ལམ་པ། སྟོང་པ་ཆེན་པོ་ཡང་ཟེར། མཆེད་པ་ཉེར་
ཐོབ་ལ་ཐིམ་ཞིང་།
སྟོན་གནམ་གཡའ་དག་པ་ལ་མཆམས་ཀྱི་སྨག་འཐུག་པོས་ཁྱབ་པ་ལྟ་བུའི་སྟོང་སང་ནག་
ལམ་པ
འི་སྣང་བ་འཆར་གྱི། དེ་ལས་གཞན་པའི་གཉིས་སྣང་རགས་པ་གཞན་གང་ཡང་མི་འཆར་བའི་ཡིད་
ཀྱི་ཤེས་པ་ལ།
ཉེར་ཐོབ་ཟེར། འཆར་བའི་ཀྱེན་ན་ནི། དབུ་མའི་ཡས་མས་ཀྱི་རླུང་རྣམས་སྙིང་གའི་དབུ་མའི་
ནང་དུ་འདུས་པའི་
སྟོབས་ཀྱིས་སྙིང་གའི་རོ་རྐྱང་གི་མདུད་པ་དྲུག་སྐོར་གྲོལ་ཏེ། སྟེང་གི་ཐིག་ལེ་དཀང་པོ་
མར་བབས། འོག་གི་ཐིག་ལེ་དམར་པོ་ཡར་འོངས་ཏེ། སྙིང་གའི་ཅྭུ་ཏཱིའི་དབུས་ན་མི་ཤིགས་པའི་ཐིག་ལེ་


tibetan OCR www.dharmabook.ru
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*