239
ཉོན་མོངས་པ། (4) གང་ཞིག་རང་རྒྱུད་ལ་སྐྱེས་པ་ན་སེམས་རྒྱུད་རབ་ཏུ་མ་ཞི་བའམ་གདུང་བར་བྱེད་པའི་བྱེད་
ལས་ཅན་
གྱི་སེམས་བྱུང་ཞིག (2) སྡུག་བསྔལ་བ། (8) ངལ་བའམ་ཐང་ཆད་པ། དཔེར་ན། མདོ་ལས།
ཁྱོད་ལམ་དུ་ཉོན་མོངས་པ་དང་ངལ་བར་མ་གྱུར་ཏམ། ཞེས་པ་ལྟ་བུ།
ཉོན་ཡིད། སེམས་ཙམ དམིགས་པ་ཀུན་གཞི་ལ་དམིགས་ནས་རྣམ་པ་རང་སྐྱ་ཐུབ་པའི་རྫས་ཡོད་ཀྱི་ང་ར་འཛིན་
པའི་རྣམ་ཤེས།

གཉན་པོ་གསང་བ། བོད་དུ་དམ་པའི་ཆོས་འབྱུང་བའི་སྔ་ལྷས་སུ་བོད་རྒྱལ་ཉེར་བདུན་པ་ལྷ་ཐོ་ཐོ་རི་སྙན་ཤལ་
ད་གུང་ལོ་བརྒྱད་ཅུར་ཕེབས་པའི་ཆེ་ཕོ་བྲང་ཡུམ་བུ་བླ་མཁར་གྱི་སྟེང་དུ་ནམ་མཁའ་ནས་འོད་ཟེར་དང་
འགྲོགས་ཏེ་
ཟ་མ་ཏོག་ཅིག་བབས་པ་ཁ་ཕྱེ་བའི་ནང་། མདོ་སྡེ་ཟ་མ་ཏོག། སྙིང་པོ་ཡི་གེ་དྲུག་མ། སྤང་སྐོང་
ཕྱག་བརྒྱ་པ།
དཔེ་འགའ་ཞིག་ཏུ་དཔང་སྐོང་ཕྱག་བརྒྱ་པ་ཞེས་ཀྱིང་སྣང་། འདི་གཟུངས་བསྡུས་ན་བཞུགས་ཤིང་དེ་ལ་ཤོག་ལབ་
དཔེ་རིང་
ལྔ་ལྷག་ཙམ་ཞིག་ཡོད་ གསེར་གྱི་མཆོད་རྟེན་ཁྲུ་གང་བ། ཙནྟན་མ་ཆིའི་སཱརོའི་བརྐོས་ཕོར། ཙརྗན་མ་
ཆི
འི་སྭཆོའི་བརྐོས་ཕོར་བཅུ་གཅིག་ཞལ་ཡིད་བཞིན་ནོར་བུའི་གཟུངས་ཀྱི་བརྐོས་ཕོར་ཞེས་སཱཚོ་དཔར་འདེབས་བྱེད་ཅིག མུ་
དྲའི་ཕྱག་རྒྱ་
[ཞེས་ཚད་ཁྲུ་གང་ཙམ་གྱི་ནོར་བུའི་རིགས་ཀྱི་རྡོ་ལ་ཡིག་དྲུག་རང་བྱོན་ཡོད་པ རྣམས་བྱུང་བ་རྒྱལ་པོས་ངོ་
མཆར་
ཆེ་བར་དགོངས་ཀྱང་དོན་གང་ཡིན་མ་མཁྱེན་ཏེ། གཉན་པོ་གསང་བ་ཞེས་མཆན་གསོལ། དེ་ནས་
བཟུང་བོད་
དུ་དམ་པའི་ཆོས་ཀྱི་དབུ་བརྙེས་པར་གསུངས་སོ། རྒྱལ་པོས་རིན་པོ་ཆེའི་ཁྲི་ལ་བཞག་ནས་
མཆོད་པ་ཕུལ་བས། དེའི་ཕན་ཡོན་གྱིས་རྒྱལ་པོ་སླར་གཞོན་ཤ་ཅན་དུ་གྱུར་ནས། དབུང་ལོ་བརྒྱ་དང་ཉི་ཤུ་
ཐུབ་སྟེ།
སྐུ་ལུས་གཅིག་ལ་སྐུ་ཆེ་གཉིས་ཐུབ་ཅེས་གྲགས་ས་སོ། གཉན་པོ་གསང་བ་བསམ་ཡས་མཆོད་རྟེན་
ད་ཀར་པོའི་
གཟུངས་སུ་ཕུལ་ཡོད་པར་བཤད།
གཉའ་བ ཕྲག་པ། དཔུང་པ།
གཉའ། གཉའ་བ་དང་འདྲ།
གཉའ་ལྟག གཉའ་བ་དང་འདྲ།
གཉལ་སྟོན་དཔལ་འབྱོར་ལྷུན་གྲུབ སེར་བྱེས་གཉལ་སྟོན་དཔལ་འབྱོར་ལྷུན་གྲུབ། འདི་ཡིས་ས་སྐྱ་པཎ་ཆེན་
ཤཱཀྱ་མཆོག་
དང་རྩོད་པས་ཐལ་འགྱུར་གྱིས་བཅོམ་པར་གྲགས་ཞེས་ཀློང་རྡོལ་བླ་མ་གསུང་། གཉལ་སྟོན་
ད་པལ་འབྱོར་ལྷུན་གྲུབ་ཀྱིས་མཛད་པའི་རྗེ
འི་དྲང་ངེས་རྣམ་འབྱེད་ཀྱི་འགྲེལ་པ་ལེགས་བཤད་སྙིང་པོའི་


tibetan OCR www.dharmabook.ru
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*