248
སྙིང་གའི་པདྨ་འདབ་བརྒྱད་ཀྱི་མཚོན་དོན། སྔགས སྙིང་གའི་རྩ་འདབ་བརྒྱད་མཚོན།
སྙིང་ག (4) སྙིང་ཡོད་སའི་ཐད། (8) སྙིང་ག་ཡང་འཇིག་རྟེན་ན་གྲགས་པའི་སྙིང་དང་བྱང་ཁོག་གི་དབུས་ལ་མི་བྱེད་
ཀྱི།
ནུ་མ་གཉིས་ཀྱི་དབུས་ཐད་ཚིགས་པའི་ནང་ངོས་ན་སྲོག་རྩ་དང་ལྷན་ཅིག་ཏུ་རྩ་དབུ་མ་གནས་པ་དེའི་
རྩ་འཁོར་གྱི་ཆོས་ཀྱི་འཁོར་ལོའི་མདུད་པའི་དབུས་ལ་ཟེར། རྗེའི་རྩའི་སྐོར་གྱི་གསུང་ཟིན་བྲིས་ལ་གཞི་བྱས།
སྙིང་གའི་པམེ། (4) སྙིང་གའི་གནས་སུ་གསལ་བཏབ་པའི་མེ་ཏོག་པདྨ། (2) སྙིང་གའི་རྩ་འདབ།
སྙིང་གའི་པམོ། སྙིང་གའི་པད་དང་འདྲ།
སྙིང་གའི་སྣ་རྩེ། སྙིང་གའི་རྩ་འཁོར་གྱི་དབུས།
སྙིང་གའི་མི་ཤིགས་པའི་ཐིག་ལེ། (4) སྙིང་གའི་མི་ཤིགས་པའི་བྱང་སེམས་དཀར་དམར། (2) གཞིའི་འོད་
གསལ།
(8) སྲོག་འཛིན་གྱི་རླུང་ཕྲ་མོ་སོགས་མང་དུ་ཡོད་པར། རྗེའི་རིམ་ལྔ་གསལ་སྒྲོན་ན་གསལ་ཤིང་།
རྒྱས་པར་མི་ཤིགས་པའི་ཐིག་ལེ་ལ་གཟིགས།
སྙིང་གའི་རྩ་མདུད་ཀྱི་དབུ རྣམ་ཤེས་གང་དུ་གནས་པའི་གནས། སྙིང་ག་ཡང་འཇིག་རྟེན་ན་གྲགས་པའི་སྙིང་
དང་བྱང་ཁོག་གི་དབུས་ལ་མི་བྱེད་ཀྱི། ཚིགས་པའི་ནང་ངོས་ན་སྲོག་རྩ་དང་ལྷན་ཅིག་ཏུ་རྩ་ད་བུ་མ་གནས་
པའི་ཆོས་
འཁོར་གྱི་མདུད་པའི་དབུས་ནུ་མ་གཉིས་ཀྱི་བར་ལ་ཟེར་རོ། རྗེའི་རྩའི་སྐོར་གྱི་གསུང་ཟིན་བྲིས་
ལས་གསུངས།
སྙིང་གར་དང་པོར་འཆགས་པའི་རྩ་བརྒྱད། རོ་རྐྱང་དབུ་མ་གསུམ། སུམ་སྐོར་མ། འདོད་ལྡན་མ། ཁྱིམ་མ།
གཏུམ་། བདུད་བྲལ་མ་སྟེ་བརྒྱད་དོ། ཞིབ་པར་བཤད་ན། མངལ་དུ་དང་པོར་རྩ་འཆགས་པའི་ཆེ།
སྙིང་གར་ལྟེ་བ་ལ་རོ་རྐྱང་དབུ་མ་གསུམ། ཤར་དང་ལྷོའི་འདབ་མ་གཉིས་ལ། རིམ་པ་ལྟར་སུམ་སྐོར་མ་
དང་།
འདོད་ལྡན་མ་གཉིས་ལྔ་དུས་མཉམ་དུ་འཆགས་ས་སོ། དེ་ནས་ནུབ་ཏུ་ཁྱིམ་མ་དང་། བྱང་དུ་གཏུམ་
ོ།
དབུ་མ་དང་ལྷན་ཅིག་ཏུ་བདུད་བྲལ་མ་སྟེ་གསུམ་འཆགས་ས་སོ། དེ་རྣམས་ནི་སྙིང་གར་དང་པོར་
འཆགས་པའི་རྩ་བརྒྱད་ཡིན་ནོ།
སྙིང་གར་གནས་པའི་མི་ཤིགས་པའི་རླུང་། ཤིན་ཏུ་ཕྲ་བའི་སྲོག་འཛིན་གྱི་རླུང་། རྒྱུད་རྡོ་རྗེ་འཕྲེང་བ་ལས།
སྙིང་གི་པམའི་སྦུབས་མཁའ་ལ། ཡེ་ཤེས་རྡོ་རྗེ་རྟག་ཏུ་བཞུགས། ཞེས་གསུངས་པ་ལྟར་རོ། རྒྱས་པར་
རྗེ
འི་རིམ་ལྔ་གསལ་སྒྲོན་ན་གསལ།


tibetan OCR www.dharmabook.ru
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*