250
སྙིང་པོའི་སྔགས། ལྷ་དེ་དང་དེའི་ཐུགས་རྒྱུད་བསྐུལ་བར་བྱེད་པའི་སྔགས། རྗེའི་རིམ་ལྔ་གསལ་སྒྲོན་ལས། བཟླས་
པའི་སྔགས་
འབྲུ་གསུམ་གྱིས་ལྷ་ཐམས་ཅ་ད་ཀྱི་ཐུགས་ཀྱི་སྙིང་པོ་སྐུལ་བར་བྱེད་པར་གསུང་ས་པའི་ཕྱིཕྱིར།
ཞེས་གསུང་ས།
སྙིང་རིང་ས་པ། བློ་འཆབ་པ། ཡིད་ཀྱི་བརྟན་པ་འཇོམས་པར་བྱེད་པ། སྒྲ་བཤད་ནི། སྙིང་ནི་ཡིད་དང་རིང་ས་པ་ནི་
བྲེལ་བའམ་
འཆབ་པའི་དོན་ནོ།
སྙིམ་པའི་མེ་ཏོག ཤནྟི་པས་མཛད་པའི་གསང་བ་འདུས་པའི་འགྲེལ་པ་ཞིག། འདི་གསང་འདུས་ཡེ་ཤེས་ཞབས་
ལུགས་
ཡིན་པར་བཤད།
སྙེག (4) འཇུག་པ། དཔེར་ན་གཽའི་སྒྲ་བ་ལང་ད་ང་། མཐོ་རིས་སོགས་རྣམ་པ་དུ་མ་ལ་སྙེག་མོད་ཀྱི། སྐབས་འདིར་
རུ
ས་ལ་བྱའོ། ཞེས་གསུང་ས་པ་ལྟ་བུ། (2) ལག་པ་བརྐྱང་ས་ནས་ལེན་པའམ་འཛིན་པ། (8) རེ་བ་བྱེད་པ།
དཕེར་ན། མཐོན་པོར་སྙེག་ཅེས་པ་ལྟ་བུ། (4) འདེད་པ། རྗེས་སུ་འབྲང་བ། རྗེས་སུ་འགྲོ་བ། ད་པེར་ན།
ཕྱི་བཞིན་སྙེག་ཅེས་པ་ལྟ་བུ། (5) རེག་པ། པཎ་ཆེན་བློ་བཟང་ཆོས་རྒྱན་གྱིས། སྤང་སྔོ་ལྗང་རི་བོ་མཁའ་ལ་
སྙེག་ཅེས་པ་ལྟ་བུ།
སྙོམས་འཇག་གི་སྒྲིབ་པ། (4) བྱིང་རྒོད་། སྒྲ་བཤད་ནི། འདི་སྙོམས་འཇུག་གམ་ཏིང་ངེ་འཛིན་ཡང་ད་ག་འཐོབ་པ་
ལ་སྒྲིབ་
བྱེད་ཡིན་པས་དེ་སྐད་ཅེས་བྱ་སྟེ། རྒྱུད་བླ་མ་ལས། ཉོན་མོངས་ཤེས་བྱ་སྙོམས་འཇུག་གི། སྒྲིབ་པ་
གསུམ་ལས་ངེས་གྲོལ་ཏེ།
ཞེས་པའི་ཐད་ཀྱི་རྒྱུད་བླ་དར་ཊཱིཀ་ལས། སྙོམས་འཇུག་གི་སྒྲིབ་པས་བསྡུས་པའི་
བྱིང་རྒོད་གཉིས་མེད་པས་ཏིང་ངེ་འཛིན་བསྒོམ་པ་ལ་ལས་སུ་རུང་བའི་ཕྱིར་ལུས་སེམས་ཤིན་ཏུ་སྦྱང་ས་
པའི་བདེ་བ་སྐྱེ་བའི་
བེགས་སུ་གྱུར་པ་བྱིང་གོད་ཀྱིས་ལུས་སེམས་ལས་སུ་མི་རུང་བའི་ཅུབ་རེག་དང་བྲལ་བ་
ཡིན་ནོ།
ཞེས་གསུང་ས་པ་ལྟར་། (2) སྙོམས་འཇུག། སྒྲ་བཤད་ནི། སྙོམས་འཇུག་ཀྱང་ཡིན་ལ་ལམ་
གོང་མ་
ཐོབ་པ་ལ་སྒྲིབ་བྱེད་ཀྱང་ཡིན་པས་དེ་སྐད་ཅེས་བཏགས་ཏེ། རྣམ་སྨིན་གྱི་སྒྲིབ་པ་བཞིན་ནོ། དེས་ན་
སྙོམས་འཇུག་
ཉིད་སྙོམས་འཇུག་གི་སྒྲིབ་པ་ཡིན་ནོ།
སྙོམས་པར་འཇག་པ། (4) ཏིང་ངེ་འཛིན་ལ་མཉམ་པར་འཇོག་པ། མཉམ་པར་བཞག་པ་དང་དོན་འདྲ། སྒྲ་
བཤད་ནི།
བྱིང་རྒོད་ཀྱི་མཐའ་གཉིས་དང་བྲལ་ནས་སེམས་སྙོམས་པ་སྟེ་ཆ་མཉམ་པར་འཇུག་པས་ན་དེ་
སྐད་ཅེས་བྱའོ།
(2) འཁྲིག་པ། དཔེར་ན་ལྷ་ཡབ་ཡུམ་སྙོམས་པར་འཇུག་ཅེས་པ་ལྟ་བུ། སྒྲ་བཤད་ནི། ཕོ་
མོའི་དབང་པོ་གཉིས་
སྙོམས་པར་ཏེ་མཉམ་དུ་འཇུག་པར་བྱེད་པས་ན་དེ་སྐད་ཅེས་བྱ།


tibetan OCR www.dharmabook.ru
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*