266
རྟོག་གེའི་བསྟན་བཅོ (4) ཕྱི་རོལ་པའི་སྟོན་པ་དྲང་སྲོང་གླིང་སྐྱེས་ལ་སོགས་པས་རྟོག་པས་བཏ་གས་ཙ་མ་གྱིས་
བཞག་པའི་
གྲུབ་མཐའ་ལ་རྟོག་བེ་ཞེས་བྱ་ལ། དེ་ལྟ་བུའི་གྲུབ་མཐའ་སྟོན་པའི་བསྟན་བཅོས་ལ། རྟོག་བེའི་
བསྟན་བཅོས་ཟེར།
(2) ཡང་། ད་ངོས་པོའི་དེ་ཁོ་ན་ཉིད་དོན་སྤྱིའི་ཚུལ་དུ་རྟོགས་པའི་བློ་ལ་རྟོག་པའམ་རྟོག་
གེ་ཞེས་བྱ་ལ། དེ་བཇོད་བྱར་བྱེད་པའི་བསྟན་བཅོས་ལ་རྟོག་གོའི་བསྟན་བཅོས་ཞེས་བྱའོ། སྡེ་བདུན་ཡིད་ཀྱི་
མུན་སེལ་ལ་གཞི་བྱས་ཏེ་བཀོད།
རྟོག་གེ་པ།
༿ རིགས་པས་དཔྱོད་པ་ལྷུར་ལེན་པའི་གང་ཟག ༿ རྩོད་པ་ཙ་མ་ལྷུར་ལེན་པའི་གང་ཟག ༿ དངོས་
པོའི་གནས་ལུགས་ཇི་
བཞིན་མ་མཐོང་བར་རྟོག་དཔྱོད་ཀྱི་རྗེས་སུ་འབྲང་མཁན་གྱི་རིགས་པ་སྨྲ་བ།
རྟོག་གེ་འབར་བ། དབུ་མ་སྙིང་པོའི་འགྲེལ་པ་རྟོག་གེ་འབར་བ་ནི། སློབ་དཔོན་ལེགས་ལྡན་འབྱེད་ཀྱིས་མཛད། ལོ་
ཅཱ་
བ་ཚུལ་ཁྲིམས་རྒྱལ་བའི་འགྱུར།
རྟོག་གེའི་ཚུལ། རིགས་པས་དཔྱོད་པ་ལྷུར་ལེན་པ།
རྟོག་བོ།མ། དཔྱད་སྒོམ།
རྟོག་ལྡན། མཁས་པ། བློ་གྲོས་དང་ལྡན་པ། སྒྲ་བཤད་ནི། སྤྱིར་རྟོག་པ་ཞེས་པ་ནི་བརྟག་དཔྱད་བྱེད་པའི་དོན་ཡིན་
ལ།
འདིར་ནི་ཆོས་རབ་ཏུ་རྣམ་འཔྱེད་ཀྱི་ཤེས་རབ་ལ་ཟེར་བས་དེ་དང་ལྡན་པས་ན་རྟོག་ལྡན་ནོ། དཔེར་
ན་དེ་ནི་
རྟོག་ལྡན་ལ་སྐྱེ་བའི་དོགས་པའོ། ཞེས་པ་ལྟ་བུ།
རྟོག་པ། (4) སྒྲ་དོན་འདྲེས་རུང་དུ་འཛིན་པའི་ཞེན་རིག། སྒྲ་བཤད་ནི། ཡུལ་ལ་རྟོག་པར་པྱེད་པས་ན་རྟོག་པ་ཞེས་
བྱ།
རྟོག། བརྟགས། བརྟག་ཅེས་པ་དུས་གསུམ་གྱི་ཁྱད་པར་ཙ་མ་ལས་བརྟག་དཔྱད་བྱེད་པའི་དོན་ཡིན།
ངེད་ཚོ་རིགས་ལམ་པས་རྟོག་པ་ཞེས་པ་ང་ན་པ་ཞིག་དང་མཐོང་ཆུང་བརྩི་ཡུལ་ཞིག་ཏུ་བྱེད་ཀྱང་། དེའི་སྒྲ་
དོན་ལ་
ཞིབ་ཏུ་བརྟགས་ན་ཤེས་རབ་དང་ཕལ་ཆེར་འདྲ་བ་ཞིག་ཏུ་སྣང་ངོ་། (2) ཡུལ་ལ་དཔྱོད་པ། ད་པེར་
ན།
སོ་སོར་རྟོག་ཅེས་པ་ལྟ་བུ། (8) ཡུལ་གྱི་ཁྱད་པར་ཞིབ་པར་མི་དཔྱོད་པར་རགས་པ་ཙ་མ་ཞིག་འཚོལ་
བའི་སེམས་
བྱུང་། རྟོག་པ་དང་དཔྱོད་པ་ཞེས་པ་ལྟ་བུ།(4) རྟོག་པ་དང་། བརྟག་པ། ཞེས་པ་ལེའུའི་དོན་
ལའང་འཇུག
་རྟོག་
པ་ངོས་འཛིན་པ། ཕྱག་ཆེན རྣམ་རྟོག་ངོས་འཛིན་པ་དང་འདྲ་།
རྟོག་པའི་རྦུད། (4) ཐུན་མོང་གི་དངོས་གྲུབ་གཙོ་བོར་སྒྲུབ་པའི་བྱ་རྒྱུད་རྣམས་ལ་རྟོག་པའི་རྒྱུད་ཀྱི་ཐ་སྙད་མཛད།
(2) ས་སྐྱ་པའི་རྗེ་བཅུན་ཆེན་པོ་རྣམས་ཀྱིས། མདོ་སྡེ་རྟོག་པའི་རྒྱུད་ཅེས་བྱ་བ་རྒྱུད་ལས་ཟུར་དུ་ད་བྱེ་ཞིང་།


tibetan OCR www.dharmabook.ru
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*