286
ཐ་སྙད་དུ་ཡོད་པ། ཐ་སྙད་པའི་ཤེས་པ་ལ་གྲགས་པ། གྲགས་པ་ནི་འདིར་སྣང་ཞིང་མོང་བའམ་གྲུབ་པ་ལ་ཟིར དེ་ལ་ཐ་
སྙད་པའི་ཚད་མ་གཞན་གྱིས་
མི་གནོད་པ། དོན་དམ་དཔྱོད་བྱེད་ཀྱི་རིགས་པས་མི་གནོད་པ་སྟེ་ཁྱད་པར་
གསུམ་ལྡན་ཞིག་ལ།
ཐ་སྙད་དུ་ཡོད་པ་ཞེས་བྱའོ། དེ་ཡང་རྗེའི་ལམ་རིམ་ཆེན་མོ་ལས། ཐ་སྙད་པའི་ཤེས་
པ་ལ་གྲགས་པ་ཡིན་པ་དང་ཇི་ལྟར་གྲགས་པའི་དོན་དེ་ལ་ཐ་སྙད་པའི་
ཆད་མ་གཞན་གྱིས་གནོད་པ་མེད་པ་
དང་།
དེ་ཁོ་ན་ཉིད་ལའང་རང་བཞིན་ཡོད་མེད་ཚུལ་བཞིན་དུ་དཔྱོད་པའི་རིགས་པས་གནོད་པ་མི་འབབ་
པ་ཞིག་ནི་ཐ་སྙད་དུ་ཡོད་པར་འདོད་ལ།
དེ་ལས་ལྡོག་པ་ནི་མེད་པར་འདོད་ད་དོ། ཞེས་གསུངས། ཐ་སྙད་དུ་
ཡོད་པ་དང་
ཡོད་པ་གཉིས་དོན་གཅིག
ཐ་སྙད་བརྒྱད་ལྡན། དགེ་སློང་མ་ཐ་སྙད་བརྒྱད་ལྡན་ན་ནི། བསྙེན་རྫོགས་ཀྱི་སྡོམ་པ་དང་ལྡན་པ། ལྟ་བ་མཐུན་པ།
མཚན་མི་མཐུན་པ། ལུས་སྟེན་དུ་རུང་བ། ལུས་ཐ་མ་ལ་དུ་གནས་པ། ཐ་སྙད་གསུམ་ད་ང་ལྡན་པ། ཉེ་དུ་
མ་ཡིན་པ།
རྫུ་འཕྲུལ་གྱི་ཆོས་ཅ་ན་མ་ཡིན་པ་སྟེ་བརྒྱད་ད་དོ།
ཐ་སྙད་ལྔ་ལྡན། མི་ཡིན་པ། སྨྲ་ཤེས་པ། དོན་གོ་བ། ཤེས་པ་རང་བཞིན་དུ་གནས་པ། མ་ནིང་མ་ཡིན་པའོ།
ཐ་སྙད་དང་ལྡན་པ། སྨྱོ་བ་མ་ཡིན་པ།
ཐ་སྙད་པའི་ཤེས་པ། ཡུལ་དེའི་ཡིན་ལུགས་ལ་མི་དཔྱོད་པར། ཡུལ་དེ་ཇི་ལྟར་སྣང་བ་ལྟར་གྱི་རྗེས་སུ་འཇུག་པའི་
ཤེས་
པ་ལ་ཟེར། འདི་ལ་ཐ་སྙད་པའི་ཤེས་པ། མ་དཔྱད་པའི་ཤེས་པ། འཇིག་རྟེན་པའི་གྲགས་པའི་ཤེས་
པ་ཞེས་ཀྱང་བྱ།
མ་དཔྱད་པའི་ཤེས་པ་ཞེས་པ་དཔྱད་པ་ཡེ་ནས་མི་བྱེད་པའི་དོན་མིན་པར་ལམ་རིམ་ཆེན་
མོར་གསུངས་།

ཐ་སྙད་པའི་ཤེས་པར་གྲགས། ཐ་སྙད་པའི་ཤེས་པ་ལ་གྲུབ་པ་སྟེ། དེ་ལ་སྣང་བའམ་དེས་མོང་བའི་ཡུལ་རྣམས་
ལ་ཟེར།
དེ་ལ་འཇིག་རྟེན་པའི་ཤེས་པར་གྲགས་ཞེས་ཀྱང་བྱའོ།
ཐ་སྙད་པའི་ཚད་མ་གཞན་གྱིས་མི་གནོད་པ། ཐག་པ་སྦྲུལ་ཡིན་པ་ལ་ཐ་སྙད་པའི་ཚད་མ་གཞན་ཐག་པ་སྦྲུལ་
མིན་
པར་རྟོགས་པའི་ཆད་མས་གནོད་པ་ལྟར་མ་སང་བའོ།
ཐ་སྙད་ཚ་ད་གྲུབ། (1) ཐ་སྙད་པའི་ཚད་མས་ཇི་ལྟར་བཞག་པ་ལྟར་གྲུབ་པ། ༿ བུམ་པ་ལ་བུམ་པ་ཞེས་པའི་ཐ་
སྙད་དེ་
ཆད་མའམ་ཡང་དག་པ་ཡིན་པ་དང་། དེས་ཇི་ལྟར་བཞག་པ་ལྟར་གྲུབ་པའོ། (2) དོན་དམ་པར་
མེད་ཀྱང་།
ཐ་སྙད་ཀྱི་དབང་གིས་བྱ་བྱེད་ཀྱི་རྣམ་གཞག་འཐད་པ། (8) ཐ་སྙད་བདེན་པ་ཆད་མས་གྲུབ་པ།
ཀུན་རྫོབ་བདིན་པ་ཆད་མས་གྲུབ་པ


tibetan OCR www.dharmabook.ru
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*