289
ཅེས་པ་ཕྱོགས་རེ་བ་ལ་འཇུག་པ་ནི། སྤེལ་མར་བསྟོད་པ་སྔགས་རིམ་ཆེན་མོར་དྲང་ས་པ་ལས། གང་ལ་
ཉེས་པ་ཐམས་ཅད་ཀུན།
གཏན་ནས་ཡོང་ཡེ་མི་མངའ་ཞིང་། ཞེས་དང་། བཟང་པོ་སྤྱོད་པའི་སྨོན་ལམ་
ལས།
ཐམས་ཅ་ད་མ་ལུས་མངོན་དུ་འགྱུར་བར་ཤོག ཅེས་གསུང་ས་པ་ལྟ་བུ་རྣམས་ས་སོ།
ཐམས་ཅད་ནམ་མཁའ། ཐམས་ཅ་ད་སྟོང་པ་སྟེ་འོད་གསལ།
ཐར་པ། (4)བཅིངས་པ་ལས་གྲོལ་བ་ལ་ཟེར། (2)ལས་ཉོན་གྱི་འཆིང་བ་ལས་གྲོལ་བ་ལ་ཐར་པ་ཟེར། སྒྲ་བཤད་
ནི།
ལས་ཉོན་གཉིས་ནི་འཁོར་བར་འཆིང་བྱེད་ཡིན་ལ་དེའི་དབང་གིས་ཁམས་གསུམ་འཁོར་བའི་སྐྱེས་
གནས་རྣམས་སུ་རང་དབང་མེད་པར་ཉིང་མཆམས་སྦྱོར་བ་ནི་བཅིངས་པའི་ངོ་བོ་ཡིན་པས་དེ་ལ་གྲོལ་བ་
ནི་
ཐར་པའོ། རྩ་བ་ཤེས་རབ་ལས། ལས་དང་ཉོན་མོངས་ཟད་པས་ཐར། ཞེས་གསུངས་པ་ལྟར་རོ།
མིང་གི་རྣམ་གྲངས་ནི། མ་ལུས་པར་སྤང་ས་པ། ངེས་པར་སྤང་ས་པ། བྱང་བར་གྱུར་པ། ཟད་པ། འདོད་
ཆགས་དང་བྲལ་བ།
འགོག་པ། རྣམ་པར་ཞི་བ། ནུབ་པ་ལ་སོགས་པ་ཀུན་བཏུས་སུ་གསུང་ས་ལ། སའི་
དངོས་གཞི་ལས་ནི།
རྟག་པ། བརྟན་པ། ཐེར་ཟུག་པ། མི་འགྱུར་བའི་ཆོས་ཅན། གནས། གླིང་། སྐྱོབ་པ།
སྐྱབས། དཔུང་གཉེན། བདེ་བ། ཞི་བ། ལེགས་པའི་གཞི། བདེ་ལེགས་སུ་འགྱུར་བ། མི་གཡོ་བ། མི་
གཞལ་བ།
བལྟར་དཀའ་བ། འཆི་བ་མེད་པ། མྱ་ངན་མེད་པ། འཆི་འཕོ་མེད་པ། རིམས་ནད་མེད་པ།
ཡོངས་སུ་གདུང་བ་མེད་པ། ནད་མེད་པ། གཡོ་བ་མེད་པ། མ་ང་ན་ལས་འདས་པ། སྤྲོས་པ་མེད་པ་ཞེས་
བྱ་བ་
ལ་སོགས་པ་བཤད་དོ། ཞེས་མཆིམས་མཛོད་ན་གསལ།
ཐར་པ་ཆ་མཐུན། ཚོགས་ལམ། སྒྲ་བཤད་ནི། ༿མཆིམས་མཛོད ཐར་པ་ནི་མྱང་ན་ལས་འདས་པ་ཡིན་
ཞིང་།
དེའི་ཆ་ནི་དེ་འཐོབ་བྱེད་ཀྱི་རྒྱ་སྦྱོར་ལམ་ཡིན་ལ། དེ་ལ་ཕན་འདོགས་པས་ན་མཐན་ཞེས་བྱའོ།
མཆིམས་མཛོད་ལ་གཞི་བྱས་ཏེ་བཀོད། མདོར་ན་སྦྱོར་ལམ་ལ་ཕན་འདོགས་པའི་ལམ་ཡིན་པས། ཐར་པ་
ཆ་མཐུན་ཞེས་བྱའོ།
༿ ས་ར་རྔ་བཙུན་པ ཉོན་སྒྲིབ་སྤང་ས་པའི་འགོག་བདེན་ནི་ཐར་པ་ཡིན་ཞིང་། ཉོན་
སྒྲིབ་ཀུན་བཏགས་སྤངས་པའི་འགོག་བདེན་ཐར་པའི་ཆ་ཡིན་ལ།
ཁྱོད་དེ་ཐོབ་པ་དང་རྗེས་སུ་མཐུན་པའི་
ལམ་ཡིན་པའི་རྒྱུ་མཚན་གྱིས་དེ་ལྟརབརྗོད་པའི་ཕྱིཕྱིར།
ཞེས་སེ་ར་རྗེ་བཅུན་ཆོས་ཀྱི་རྒྱལ་མཚན་གསུང་།
ཐལ་སྐད། ཐལ་མོ་བརྡབས་པའི་སྒྲ་སྐད། མཆན་ཉིད་ཀྱི་རྩོད་གྲྭའི་སྐབས་ཐལ་ལྕག་བདབས་པའི་སྒྲ་སྐད། རྒྱལ་
མཆོག་ལྔ་པ་ཆེན་པོའི་
རང་རྣམ་དུ་ཀཱ་ལའི་གོས་བཟང་ལས། ཆོས་སྤྱོད་ཀྱི་གདངས་དང་ཐལ་སྐད་ཀྱི་སྒྲ་ཐོས་
ཆེ་སྙིང་ཁོང་བདེ་སང་སང་ཡོང་བའི་ཆོས་པའི་ཡང་རྩེར་ཡོད་དོ། ཞེས་པ་ལྟ་བུ།


tibetan OCR www.dharmabook.ru
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*