296
པའི་སྒོ་ནས་ཡང་ད་ང་ཡང་དུ་སྐྱབས་སུ་འགྲོ་བ། བཀའ་དྲིན་དྲན་པའི་སྒོ་ནས་ཅི་བཟའ་ཅི་འཐུང་གི་ཕུད་
ཀྱིས་མཆོད་པ།
གཞན་སྐྱབས་འགྲོ་ལ་འགོད་པ། བྱ་བ་གང་བྱེད་ཀྱང་དཀོན་མཆོག་ལ་བློ་བཀལ་ནས་བྱེད་པ།
ཕན་ཡོན་དྲན་པའི་སྒོ་ནས་ཉིན་ལན་གསུམ་མཆན་གསུམ་དུ་སྐྱབས་སུ་འགྲོ་བ། དཀོན་མཆོག་གསུམ་སྲོག་
གམ་ཐ་ན་བཞད་གད་ཀྱི་ཕྱིར་ཡང་མི་
གཏོང་ཞིང་སྲུང་བའོ།
ཐུན་མོང་ལམ་སྦྱང་ས། ངེས་འབྱུང་བྱང་སེམས་ཡང་དག་པའི་ལྟ་བ་གསུམ་ཉམས་འོག་ཏུ་ཚུད་པ་ལ་ཟེར། སྒྲ་
བཤད་ནི།
མདོ་སྔགས་གཉིས་ཀྱི་ཐུན་མོང་བའི་ལམ་ལམ་གཙོ་རྣམ་གསུམ་ལ་བློ་སྦྱངས་པས་དེ་སྐད་ཅེས་
བྱའོ།
ཐུན་ཚོད་དུ་རུང་བའི་སྨན། སྨན་བཞིའི་ཡ་གྱལ་ཏེ། རྒྱུ་དུས་རུང་། སྨན་ཞག་བདུན་པ། འཚོ་བཅ་ང་གི་སྨན་ལས་
བྱུང་བའི་
ཁུ་བ་ཤིན་ཏུ་སླ་བ་རྣམས་སོ། ད་པེར་ན་དུས་རུང་ལས་བྱུང་བ། རྩམ་ཐང་ཤིན་ཏུ་སླ་བ་ལྟ་བུ།
སྨན་ཞག་བདུན་པ་ལས་བྱུང་བ། བུ་རམ་གྱི་ཁུ་བ་ཤིན་ཏུ་སླ་བ་ལྟ་བུ། འཚོ་བཅ་ང་གི་སྨན་ལས་བྱུང་བ། ཨ་
རུ་བ་རུ་སྐྱུ་
རུ་གསུམ་གྱི་ཁུ་བ་ཤིན་ཏུ་སླ་བ་རྣམས་ལྟ་བུའོ། སྒྲ་བཤད་ནི། དེ་དག་ལས་འགའ་ཞིག་ནི་ཉིན་
མོའི་ཐུན་ཚོད་ཀྱི་མཐའ་རྒྱུ་སྐར་འཆར་ལ་མངོན་དུ་ཕྱོགས་པའི་དུས་ཚུན་དང་།
འགའ་ཞིག་ནི་མཚན་
མོའི་ཐུན་ཐ་མ་སྐྱ་རེང་ས་འཆར་བ་ལ་མངོན་དུ་ཕྱོགས་པའི་གནས་སྐབས་ཚུན་ཆད་དུ་ལོང་ས་སྤྱོད་དུ་རུང་
གི།
དེ་ལས་འདས་ན་མི་རུང་བས་དེ་སྐད་ཅེས་བྱ། དེ་ལ་སྨན་ཞེས་བརྗོད་པ་ནི། དེ་ད་ག་གིས་སྐོམ་ནད་
སེལ་བར་བྱེད་པའི་
རྒྱུ་མཆན་གྱིས་དེ་ལྟར་དུ་བཏ་གས།
ཐུབ་པ་དགོང་ས་རྒྱན། (4) སློབ་དཔོན་ཨ་བྱ་ཀ་རས་མཛད་པའི་བསྟན་བཅོས་ཤིག (2) ཤོ་ལོ་ཀ་སྟོང་ཕྲག་ཕྱེད་དང་
དྲུག་པ་ཞིག་སྟ། སློབ་དཔོན་འཇིགས་མེད་འབྱུང་གནས་སྦས་པས་མཛད།
ཐུབ་པའི་དབང་པོ། སངས་རྒྱས་ཀྱི་མཆན་གྱི་རྣམ་གྲངས་ཤིག། ཐུབ་པའི་སྒྲ་ནི་ཉན་རང་དགྲ་བཅོམ་ལའང་འཇུག་
མོད་ཀྱང་། ཐུབ་པའི་དབང་པོ་མིན་པས་སང་ས་རྒྱས་ཉིད་ལ་ཐུབ་པའི་དབང་པོ་ཞེས་བྱ་སྟེ། ཉན་རང་དང་
བྱང་སེམས་རྣམས་ལས་
ཀྱང་གོང་ར་མད་པའི་ཆོས་ཀྱི་དབང་ཕྱུག་དམ་པ་བརྙེས་པ་དང་། གང་ཟག་གསུམ་
པོ་དེ་སངས་རྒྱས་ཀྱི་བཀས་ཆོས་ཀྱི་སྲིད་ལ་མང་འ་
སྒུར་བའི་ཕྱིར་རོ།
ཐུབ་དབང་གཉིས་པ། རྗེ་ཙོང་ཁ་པ་ཆེན་པོའི་མཚན་གྱི་རྣམ་གྲང་ས་ཤིག བཀའ་བརྒྱུད་ཀྱི་མཁས་གྲུབ་ཆེན་པོ་
འགོས་ལོ་ཅཱ་བ་གཞོན་ནུ་ད་པལ་གྱིས་ཆེ་བསྟོད་མཛད་ནས་བཏགས་པ་ཞིག་ཡིན། མཁས་གྲུབ་དེ་ཉིད་ཀྱིས་
མཛད་པའི་དེབ་སྔོན་དུ་གསལ།


tibetan OCR www.dharmabook.ru
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*