299
གསལ་བའི་ཚུལ་ཁྲིམས་ཞེས་པའི་སྲས་སུ་སྐུ་འཁྲུང་ས། རི་བྱ་རྐང་གི་ཕུག་ཏུ་རྗེ་བཙུན་བྱམས་པ་བསྒྲུབ་ཏུ་
བྱོན་ཏེ་
ལོ་གསུམ་བསྒྲུབས་པས་མཆན་མ་ཙམ་ཡ་ང་མ་བྱུང་བས། ཡིད་སྐྱོ་སྟེ་ཕྱིར་ཐོན་པ་ན། རྒན་མོ་ཞིག་
གིས་
ཤིང་བལ་གྱི་འདབ་མས་ལྕགས་ཀྱི་སྡོང་པོ་ལ་ཁབ་བྱེད་པ་མཐོང་། ཁབ་ཇི་ལྷར་བྱུང་ཞེས་དྲིས་པས།
སྙིང་སྟོབས་ལྡན་པའི་སྐྱེས་བུ་ཡིས། བསྒྲུབས་ན་མི་འགྲུབ་གང་ཡང་མེད་། དཀའ་ཡང་བརྣག་པ་མ་དོར་
ན།
རི་བོ་རྣམས་ཀྱང་ཐལ་བར་རློག ཟེར་བས་ལོ་དྲུག་དང་དགུ་བསྒྲུབས་ཏེ་ཐོན་པ་ན། ཆུ་ཐིགས་ཀྱིས་
ཀྱང་བྲག་ཟད་པ།
བྱ་སྒྲོས་ཀྱང་བྲག་ཟད་པར་མཐོང་སྟེ་ལོ་བཅུ་གཉིས་སུ་བསྒྲུབས་ཀྱང་མཆན་མ་ཙ་མ་ཡང་
མ་བྱུང་བས།
སྐྱོ་སྟེ་ཕྱིན་པ་ན་ཁྱི་མོ་རོ་སྨད་འབུས་གཞིག་པ། རོ་སྟོད་ཟུག་ཅིང་ཟ་བ་ཞིག་མཐོང་ནས་སྙིང་རྗེ་
ལྷག་པར་སྐྱེས་ཏེ།
བསལ་བ་ན་འབུ་འཆི། མ་བསལ་ན་ཁྱི་མོ་འཆི་བར་སྣང་བས། རང་གི་ལུས་ལས་ཤ་
བཅད་དེ་
དེར་འབུ་བསལ་སྙམ་སྟེ། སྤུ་གྲིས་རང་གི་ལུས་ལས་ཤ་བཅ་ད། ལག་པས་བླང་ན་ཤི་ཡིས་དོགས་
ཏེ་
སྤྱན་བཅུམ་སྟེ་ལགས་ཀྱིས་བླང་སྙམ་པ་ན། ཁྱི་མེད་པར་རྗེ་བཅུན་བྱམས་པ་འོད་དང་བཅས་པ་མཐོང་
ནས།
ཀྱེ་མ་ཡབ་ཅིག་བདག་གི་སྐྱབས། ངལ་བ་རྒྱས་འབད་ཀྱང་འབྲས་མ་མ་མཆིས། ཅི་ཕྱིར་ཆར་སྤྲིན་རྒྱ་
མཚོའི་
དབུང་། གདུང་བས་བསྲེགས་ཏེ་སྐོམ་ཆད་འབབ། བདག་གིས་དེ་ཙམ་བསྒྲུབས་ཀྱང་རྟགས་ཙམ་མ་
བྱུང་ན།
ཐུགས་རྗེ་རེ་ཆུང་ཞེས་འཁངས་[འཁངས་ཞེས་པ་ཡིད་ཆད་པའམ་མ་མགུ་བའི་དོན་ཡིན། པས་རྗེ་བཙུན་
གྱིས།
ལྷ་ཡིས་རྒྱལ་པོས་ཆར་ཕབ་ཀྱང་། ས་བོན་མི་རུང་མི་འཁྲུངས་ལྟར། སང་ས་རྒྱས་རྣམས་ནི་བྱོན་
གྱུར་ཀྱང་།
སྐལ་བ་མེད་པས་བཟང་མི་མི་མོང་། ང་དང་པོ་ནས་ཡོད་དེ་ཁྱོད་རང་གི་སྒྲིབ་པས་མ་མཐོང་ལ།
ད་ལྟ་སྙིང་རྗེ་ཆེན་པོ་སྐྱེས་པས་སྒྲིབ་པ་དག་སྟེ་མཐོང་བ་ཡིན་གསུངས། ཡིད་མ་ཆེས་ན་ང་ཕྲག་གོང་དུ་ཁུར་
ལ་
གཞན་ལ་སྟོན་ཅིག་གསུངས། བསྟན་པས་སུས་ཀྱང་མ་མཐོང་བས་ཡིད་ཆེས་ས་སོ། ཁྱོད་ཅི་འདོད་གསུང་
བ་ལ་ཐེག་ཆེན་ད་ར་བ་ཞུ་
འཆལ་བྱས་པས། ངའི་ཆོས་གོས་ལ་འཇུས་ཤིག་གསུངས་ནས་དགའ་ལྡན་དུ་
བྱོན་ཏེ་ལྷའི་
དྲོ་སྐད་གཅིག་གམ། མི་ལོ་ལྔ་བཅུའི་བར་ཆོས་གསན། སྦས་དོན་མངོན་རྟོགས་རིམ་པ་གསལ་
བར་སྟོན་པའི་
བྱམས་ཆོས་སྡེ་ལྔ་མི་ཡུལ་དུ་གདན་དྲ་ང་ས། དེའི་དགོངས་པ་འགྲེལ་པའི་བསྟན་བཅོས་ས་སྡེ་
ལྔ་དང་།
སྡོམ་རྣམ་གཉིས་སོགས་མང་དུ་མཛད། ལོ་བརྒྱ་དང་ལྔ་བཅུར་བཞུགས་ནས་ཐེག་ཆེན་གྱི་བསྟན་པ་
དར་བར་མཛད་དོ།

ཐོད་རྒལ། རིམ་པ་འཆོལ་བ། སྣེལ་ཞི་ཡང་ཟེར། སྣེལ་ཞི་ནི་འཕྲེད་གཞུང་གཉིས་སུ་ཕྱེ་བའི་འཕྲེད་ཀྱི་མིང་དུའང་
བཤད་།


tibetan OCR www.dharmabook.ru
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*