302
གྱི་ཐོས་བྱུང་གི་ཤེས་རབ་སྟོབས་ཆེ་བ་ཞིག་ལ་ཟེར། ཞི་གནས་བསྒྲུབ་པའི་སྟོབས་དྲུག་གི་དང་
པོའོ།
འདིས་ནི་སེམས་གནས་དང་པོ་སེམས་འཇོག་པ་འགྲུབ་པར་བྱེད་དོ།
ཐོས་པའི་ཕན་ཡོན་བཞི། ཆོས་ཐོས་པའི་ཕན་ཡོན་བཞི་སྟེ། བླང་དོར་གྱི་གནས་ཤེས་པ། སྡིག་པ་ལས་ལྡོག་པ།
ཆགས་ཡུལ་སྤོང་པ། མུ་འད་ས་ཐོབ་པ་དང་བཞིའོ། ཇི་སྐད་དུ་ཐོས་པའི་ཚོམས་ལས། ཐོས་པས་ཆོས་
རྣམས་ཤེས་པར་
འགྱུར། ཐོས་པས་སྡིག་ལས་ལྡོག་པར་འགྱུར། ཐོས་པས་དོན་མ་ཡིན་པ་སྤོང་། ཐོས་
པས་མྱ་ང་ན་འདས་པ་ཐོབ།
ཅེས་པ་ལྟར་རོ། དེ་དག་གི་དོན་ཡང་། ཚིག་རྐང་དང་པོས། གྲུབ་མཐའ་
ཤེས་པས་བླང་དོར་གྱི་གནས་ཤེས་པ།
ཚིག་རྐང་གཉིས་པས། ཚུལ་ཁྲིམས་ཀྱི་བསླབ་པ་ཐོབ་ནས་ཉེས་སྤྱོད་
ལས་ལྡོག་པ།
ཚིག་རྐང་གསུམ་པས། རྟིང་ངེ་འཛིན་གྱི་བསླབ་པ་ཐོབ་ནས་དོན་མེད་པའི་ཆགས་པ་སྤོང་བ།
ཚིག་རྐང་བཞི་པས། ཤེས་རབ་ཀྱི་བསླབ་པ་ཐོབ་ནས་ཟག་ཟད་མངོན་དུ་བྱས་ཏེ་མྱང་འདས་ཐོབ་བོ་ཞེས་
པའི་དོན་ན་ནོ།
རྣམ་བཤད་རིགས་པར་གསུངས། མདོར་ན། ཐོས་པས་བསླབ་གསུམ་རང་རྒྱུད་ལ་སྐྱེས་ཏེ་
མ་ང
ན་ལས་འདས་པ་ཐོབ་བ་བོ། ཞེས་པའི་དོན་ནོ།
ཐོས་བསམ་སྒོམ་གསུམ་གྱི་ཤེས་ར་བ གསུང་རབ་མཉན་པ་ལས་སྐྱེས་པའི་ཤེས་རབ་ཐོས་བྱུང་། དེའི་དོན་
རིགས་པས་བརྟགས་པ་ལས་ངེས་པ་རྙེད་པའི་ཤེས་རབ་ནི་བསམ་
བྱུང་། ངེས་པ་རྙེད་པ་དེ་ཉིད་རྩེ་གཅིག་
པའི་ཏིང་ངེ་འཛིན་གྱིས་
བསྒོམས་པ་ལས་བྱུང་བ་ནི་སྒོམ་བྱུང་གི་ཤེས་རབ་ཏུ་འདོད་པར་བྱའོ། ཞེས་རྗེའི་
ལེགས་བཤད་གསེར་ཕྲེང་ལས་གསུངས།
མཐའ། མཐའི་སྒྲ་འཇུག་ཡུལ་མང་དུ་ཡོད་ད་དེ། རྣམ་བཤད་རིགས་པ་ལས། མཐའ་ནི་ཟད་དང་འཇུག་ཆ་དང་།
ཉེ་དང་ཕྱོགས་དང་སྨད་པ་ལའོ། ཞེས་གསུངས།
མཐའ་འཁོབ། (4) སངས་རྒྱས་ཀྱི་འཁོར་རྣམ་བཞི་མི་རྒྱུ་བའི་ཡུལ། (2) རྒྱ་གར་རྡོ་རྗེ་གད་ན་དབུས་སུ་བྱས་ཏེ།
ཤར་དུ་ལི་ཁ་ར་ཤིང་འཕེལ་གྱི་མདུན་གྱི་ནགས་ལི་ཁ་རའི་ཆང་ཚིང་ཅ་ན་ཞེས་བྱ་བ་དང་། ལྷོར་གྲོང་ཁྱེར་
འདབ་བུ་ཅན་གྱི་ལྷོ་ན་ཆུ་ཀླུང་འདམ་བུ་ཅན་ཞེས་བྱ་བ་དང་། ནུབ་ཏུ་བྲམ་ཟེའི་གྲོང་ཀ་བ་དང་ཉེ་བའི་ཀ་བ་
ཅེས་བྱ་བ་གཉིས་དང་། བྱང་དུ་ཨུ་ཤི་རའི་རི་ཞེས་བྱ་བའི་ཡུལ་དེ་ད་ག་ཕན་ཆད་ཀྱི་ཡུལ་ལོ།
མཐའ་གཅོད་རིན་པོ་ཆེའི་མུ་གུ། རྒྱུད་ཀྱི་རྒྱལ་པོ་དཔལ་གསང་བ་འདུས་པའི་རྒྱ་ཆེར་བཤད་པ་སྒྲོན་མ་གསལ་
བའི་དཀའ་བ
འི་གནས་ཀྱི་མཐའ་གཅོད་རིན་ཆེན་མུ་བུ་ཞེས་བྱ་བ། རྗེ་ཙོང་ཁ་པ་ཆེན་པོས་མཛད།
མཐའ་ཟེགས་པ། མཐའི་ཕྱོགས ནས་ཟད་པར་གྱུར་པ།


tibetan OCR www.dharmabook.ru
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*