317
དུས་སྟོན། ལྷ་མཆོད་པའི་དགའ་སྟོན།
དུས་དུས་སུ། སྐབས་སྐབས་སུ།
དུས་དྲུག (4) ཉིན་མཚན དུས་དྲུག་དང་འདྲ། ཉིན་མཚན་དུས་དྲུག་ལ་གཟིགས། (2) དཔྱིད། སོས་ཀ། དབྱར། སྟོན།
སྩོ དགུན། དགུན་སྨདབཅས་དུས་ཚིགས་དྲུག
དུས་དྲན་གསོ་སྦྱོང་། དགེ་ཚུལ་སློང་གིས་དུས་ཚོད་ངེས་ཅན་ལ་སྡོམ་པ་གསོ་ཞིང་ལྟུང་བ་སྦྱོང་བའི་ཆོ་ག་ཞིག
དུས་མ་ཡིན་པར་གྲོང་དུ་འཇུག་པའི་ལྟུང་བྱེད། འབའ་ཞིག་པ་དགུ་བཅུའི་བརྒྱད་ཅུ་པ། ཉིན་གུང་ཡོལ་ནས་སྐྱ་
རེངས་མ་ཤར་བར་རབ་བྱུང་སྡེ་ལྔ་གང་རུང་ལ་མི་སྨྲ་བར་ཁྱིམ་པ་འི་གནས་སུ་ཕྱིན་པའོ།
དུས་མ་ཡིན་པར་ཟས་ཟ་བའི་ལྟུང་བཱེད། འབའ་ཞིག་པ་དགུ་བཅུའི་སོ་བདུན་པ་ནི། རང་གནས་པའི་གླིང་གི་ཉི་
མ་ཕྱེད་ཡོལ་ནས་སྐྱ་རེངས་མ་ཤར་
བར་དུས་རུང་གི་ཟས་ཟོས་པའོ།
དུས་མཚན་མ་དམར་མོ། དབང་ལྡན་གྱི་དབང་ཕྱུག་ཆེན་པོ་གླང་ལ་ཆིབས་ཤིང་། རྩེ་གསུམ་ཐོགས་པ་དེའི་རྣམ་
འཕྲུལ་
འཇིགས་བྱེད་ནག་པོ་ཞེས་པ་དེའི་ཆུང་མའི་མིང་། འཇིགས་བྱེད་ནག་པོ་ལ་གཟིགཟིགས།
དུས་གཞན་ལ་དགོངས་པ། དགོངས་པ་ཅ་ན་བཞིའི་གསུམ་པ། བདེ་བ་ཅན་དུ་སྐྱེ་བར་སྨོན་ལམ་བཏབ་པ་ཙ་མ་
གྱིས་དེར་སྐྱའོ། ཞེས་པ་ལྟ་བུ་དུས་གཞན་ལ་དགོངས་པ།
དུས་གཞན་ལ་དགོངས་པ། དགོངས་པ་ཅན་བཞིའི་ནང་གསེས། ལེ་ལོ་ཅན་གྱི་གཉེན་པོར་བདེ་བ་ཅ་ན་དུ་སྐྱེ་བར་
སྨོན་ལམ་བཏབ་པ་ཙམ་གྱིས་དེར་སྐྱེ་བར་གསུངས་པ་ལྟ་བུ།
དུས་རུང་གི་སྨན། སྨན་བཞིའི་ཡ་གྱལ་ཏེ། དགེ་སློང་གིས་སྔ་དྲོའི་དུས་སུ་བཟའ་རུང་བའི་ཟས། དཔེར་ན་ནས་
དང་འབྲུ།
ཤིང་ཏོག། ཞོ་འོ་མ་དར་བ་སོགས་སོ། སྒྲ་བཤད་ནི། དགེ་སློང་གིས་སྔ་དྲོའི་དུས་སུ་ལོངས་སྤྱོད་
དུ་རུང་ལ།
ཕྱི་ཕྲོར་མི་རུང་བས་ན་དེ་སྐད་ཅེས་བྱོ། དེ་ལ་སྨན་ཞེས་བརྗོད་པ་ནི། དེ་དག་གིས་བཀྲེས་
པའི་ནད་སེལ་བར་བྱེད་པས་སྨན་ཞེས་བཏགས་སོ།
དེ་སྐད། དེ་ལྟར། དེ་འདྲ་།
དེ་ཁོ་ན་ཉིད་ཀྱི་མཎྜལ། དབང་བཞི་པའི་རྟོགས་པ་བདེན་གཉིས་དབྱེར་མེད་ཟུང་འཇུག་གི་རྟོགས་པ་ཧྲུ་ཡིག་གི་
རྣམ་པར་སྤྲོས་པ་ཡོངས་སུ་གྱུར་པ་ལས་རི་རབ་གླིང་བཞི་མཁོ་དགུའི་དཔལ་འབྱོར་སོགས་ཀྱི་རྣམ་
པར་
བསྒུར་
ནས་འབུལ་བ་ལ་ཟེར། རྒྱལ་མཆོག་བདུན་པ་ཆེན་པོས། བདེ་ཆེན་ཀུན་ཏུ་བཟང་པོའི་རྣམ་རོལ་གྱི། མཆོད་སྤྲིན་
ཅིར་ཡང་སྣང་བའིསྒྱུ་མ་རྣམ་རྣམས།
གདོད་ནས་རང་བཞིན་སྟོང་པར་ངེས་རྙེད་པའི། ཟུང་འཇུག་བླ་མེད་མཆོད་པས་མཉེས་གྱུར་


tibetan OCR www.dharmabook.ru
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*