325
དེ་ལ་འཇུག་པ་ནི། རྟགས་ཆོས་དོན་གསུམ་ཞེས་པ་ལྟ་བུ། (8) ལས་ཀ། དེ་ལ་འཇུག་པ་ནི། ལས་དོན་ཞེས་
པ་ལྟ་བུ།
དོན་གྱི་མཆོག དོན་མཆོག་དང་འདྲ།
དོན་གྱི་འོད་གསལ། ཤིན་ཏུ་ཕྲ་བའི་སེམས་ཀྱིས་སྟོང་ཉིད་མངོན་སུམ་དུ་རྟོགས་པ་ན་དེ་ལྟ་བུའི་བློ་ལ་དོན་གྱི་འོད་
གསལ་ཟར།
སྒྲ་བཤད་ནི། དཔེའི་འོད་གསལ་གྱིས་མཚོན་བྱའི་དོན་ཡིན་པས་དེ་སྐད་ཅེས་བྱའོ།
དོན་གྱི ཤུགས་ཀྱིས། དཔེར་ན། དོན་གྱིས་གོ། ཞེས་པ་ལྟ་བུ།
དོན་ཉུང་བ་བྱ་བ་ཉུང་བ། (4) འདོད་པ་ཆུང་བ་དང་ཡོ་བྱད་མང་པོ་མི་འཛིན་པའི་དོན། རྗེའི་བྱང་ཆུབ་གཞུང་
ལམ་དུ་གསུངས།
(2) སྡིག་ལྟུང་སྔར་ནས་ཡིད་ཀྱིས་བཤགས་ཟིན་པས་དོན་ཉུང་ ལུས་ངག་གིས་
བཤགས་ཟིན་པས་བྱ་བ་ཉུང་བའོ། ཞེས་པའང་སྣང་ང་ངོ་།
དོན་མཆོག མྱ་ངན་ལས་འདས་པ།
དོན་ཆེན་པོ་གསུམ། བཤེས་གཉེན་ལ་མ་གུས་པ་སོགས་ཕྱིན་ཅི་ལོག་གི་བློ་སྣ་མཐའ་དག་འགག་པ། ཕྱིན་ཅི་མ་
ལོག་པའི་བློ་མཐའ་དག་སྐྱེ་བ།
རྐྱེན་ཕྱི་ནང་གི་བར་ཆད་ཐམས་ཅད་ཞི་བ་དང་གསུམ་། སྔགས་ད་ང་སྦྱར་
ན།
བཤེས་གཉེན་ལ་མ་གུས་པ་ནས་བཟུང་སྟེ་སྣང་མཆེད་ཐོབ་གསུམ་གྱི་གཉིས་སྣང་ཕྲ་མོའི་བར་གྱི་ཕྱིན་ཅི་
ལོག་གི་བློ་སྣ་མཐའ་དག་
འགག་པ། ཕྱིན་ཅི་མ་ལོག་པའི་བློ་མཐའ་ད་ག་སྐྱེ་བ། རྐྱེན་ཕྱི་ནང་གི་བར་ཆད་
ཐམས་ཅད་ཞི་
བ་དང་གསུམ།
དོན་དམ། སྟོང་པ་ཉིད་ཀྱི་མིང་གི་རྣམ་གྲངས་ཤིག། སྒྲ་བཤད་ནི། ཤེས་པར་བྱ་བའི་དོན་གྱི་མཆོག་ཡིན་པས་ན་དེ་
སྐད་ཅེས་བྱ།
དོན་ད་མ་བསྒྲུབ་པ། དོན་དམ་བདེན་པ་དང་དོན་གཅིག། བློ་གྲོས་མི་ཟད་པས་བསྟན་པ་ལས། མདོ་སྡེ་གང་དག་
དོན་ད་མ་
བསྒྲུབ་པ་བསྟན་པ་དེ་ད་ག་ནི་ངེས་པའི་དོན་ཞེས་བྱ། ཞེས་གསུངས་པ་ལྟ་བུ།
དོན་དམ་ཆོས་ཉིད་ཀྱི་བླ་མ། བཀའ་བརྒྱུད བླ་མ་དམ་པས་རང་གི་སེམས་ཕྱིན་ཅི་མ་ལོག་པར་ངོ་སྤྲོད་པ་དེ་
མངོན་སུམ་མཐོང་རྟོགས་
གཏན་ལ་ཕབ་པས་ཆོས་ཐམས་ཅ་ད་ཀྱི་དེ་བཞིན་ཉིད་རྟོགས་པ་དེའང་བླ་མའོ།
ཞེས་གསུངས་པ་ལྟར་རོ།
དོན་ད་མ་བདེན་པ། ཆོས་ཉིད། སྒྲ་བཤད་ནི། དོན་ནི་ཤེས་བྱ། དམ་པ་ནི་མཆོག་ག་གོ། ཤེས་བྱའི་མཆོག་ཡིན་པས་
ན་དོན་དམ་།
ཡང་ན། དམ་པ་ནི་ཡུལ་ཅ་ན། དོན་ནི་ཡུལ་ཏ། སྟོང་ཉིད་རྟོགས་པའི་མཉམ་བཞག་ཟག་


tibetan OCR www.dharmabook.ru
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*