དོན་སྨྲ་སྡེ་གཉིས། ཕྱི་དོན་ཁས་ལེན་པའི་རང་སྡེ་བྱེ་བྲག་སྨྲ་བ་ད་ང་མདོ་སྡེ་པ་གཉིས། སྒྲ་བཤད་ནི། ཕྱི་དོན་བདེན་
གྲུབ་ཏུ་
སྨྲ་བའི་སྡེ་རིས་སུ་གཏོགས་པས་དེ་སྐད་ཅེས་བྱ།
དོན་གཞན་ལ་དགོངས་པ། (4) དགོངས་པ་ཅན་བཞིའི་གཉིས་པ། དོན་གཞན་ལ་དགོངས་པ་ནི། ཆེད་དུ་བརྗོད་
པའི་ཚོམས་ལས།
ཕ་དང་མ་ནི་གསད་བྱ་ཞིང་། རྒྱལ་པོ་གཙང་སྦྲ་ཅན་གཉིས་ད་ང་། ཡུལ་འཁོར་སྐོར་
བཅ་ས་བ་ཅོམ་པ་ན། མི་དེ་དག་པ་ཉིད་དུ་འགྱུར། ཞེས་གསུངས་པ་ལྟ་བུ། དེ་ཡང་འཁོར་བར་འདུ་བྱེད་པས་
སྲོད་པ་དང་ལེན་པ་གཉིས་ནི་ཕ་མའོ། ཀུན་གཞི་ནི་བཁ་ཆགས་སྣ་ཚོགས་པའི་རྟེན་ནམ་གཞིར་གྱུར་པས་རྒྱལ་པོའོ། བྲམ་ཟེ་
འཇིག་
ཚོགས་ལ་ལྷ་བ་དང་། ཚུལ་ཁྲིམས་དང་བཏུལ་ཞུགས་མཆོག་འཛིན་གྱི་ལྐ་བ་སྟེ་གཙང་སྤྲ་ཅན་གཉིས་ས་སོ། ནང་གི་ཀྱི་མཆེད་
གཟུང་
འཛིན་ད་ང་བཅས་པ་རྣམ་ཤེས་ཚོགས་བརྒྱད་ནི་ཡུལ་འཁོར་གྱི་སྐོར་དང་བཅས་པའོ། དེ་དག་བཅོམ་པ་སྟེ་དག་པ་ན་
འཚང་རྒྱ་བ་ཡིན་ནོ་ཞེས་ས་སོ། ཤེས་བྱ་མཛོད་འགྲེལ་སྟར་བཀོད། (2) ཆོས་ཐམས་ཅད་ངོ་བོ་ཉིད་མེད་ཅེས་པ་
ལྟ་བུ་སྒྲ་ཇི་བཞིན་པ་མ་ཡིན་པའི་དོན་གཞན་ལ་དགོངས་པ་
ལྟ་བུ།
དོས་དྲག ཤུགས་དྲག། བློ་སྦྱོང་ལས། ཐུན་དོས་དྲག་ལ་ཡུན་ཐུང་བར་བྱས་ཏ། སྒོམ་ཐུན་གཅིག་ལ་ཐུན་དུ་མར་
གཅ་ད་དོ།
ཞེས་པ་ལྟ་བུ།
དོས་དྲགས་པོ། དོས་དྲག་དང་འདྲ།
དྲག་ཏུ་བབས་པ། ཤུགས་ཆེན་པོར་བབས་པ། མུར་བར་བབས་པ།
དྲག་པོའི་བཟླས་པ། དྲག་པོའི་བཟླས་པའམ་ཁྲོས་པའི་བཟླས་པ་ནི། རྩ་སྔགས་རང་གི་ཞལ་དུ་ཞུགས། སྐུའི་
དབྱི་བས་བརྒྱུད་རྡོ་རྗེའི་ལམ་ནས་ཡུམ་གྱི་
པདྨཱར་འཐོན། ཡུམ་གྱི་དབུ་མའི་ལམ་ནས་བརྒྱུད་དེ་ཞལ་ནས་
བྱུང་།
རང་གི་ཞལ་དུ་ཞུགས་པར་བསྒོམས་ནས་ཡི་གེ་རྩྭུབ་ཅིང་དྲག་པའི་རྣམ་པ་ཅན་དུ་སྒོམ་པའོ། པཎ་
ཆེན་བློ་བཟང་ཆོས་རྒྱན་གྱི་གསུང་
ལ་གཞི་བྱས།
དྲག་མོ། (4) བུད་མེད་གཏུམ་། (2)ལྷ་དབང་ཕྱུག་གི་ཆུང་མ། ལྷ་མོ་ཨུ་མ།
དྲང་ངེས་ལེགས་བཤད་སྙིང་པོ་ཆུང་བ། རྟེན་འབྲེལ་བསྟོད་པ། སྟོན་པ་བླ་ན་མེད་པ་ལ་ཟབ་མོ་རྟེན་ཅིང་འབྲེལ་
པར་འབྱུང་བ་གསུང་བའི་སྒོ་ནས་བསྟོད་པ་ལེགས་
བཤད་སྙིང་པོ་ཞེས་བྱ་བ། རྗེ་ཙོང་ཁ་པ་ཆེན་པོས་མཛད།
དྲང་དོན་གྱི་མདོ། གདུལ་བྱ་ཁ་དྲང་བ་དང་། དེའི་དགོངས་པ་བཤད་ནས་དོན་གཞན་དུ་དྲང་དགོས་པའམ། ཡང་
ན་སྒྲ་ཇི་བཞིན་
པར་བཟུང་བས་ཆོག་ཀྱང་དེ་ཙ་མ་ཞིག་དེ་དག་གི་ཡིན་ལུགས་དེ་ཁོ་ན་ཉིད་མ་ཡིན་པས་ད་དུང་
དེའི་དེ་ཁོ་ན་ཉིད་དེ་ལས་གཞན་དུ་བཙ་ལ་དགོས་
པའི་མདོ་ལ། དྲང་དོན་གྱི་མདོ་ཟེར། གདུལ་བྱ་ཁ་དྲང་བ་


tibetan OCR www.dharmabook.ru
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*