329
ནི། གདུལ་བྱ་ཐེག་པ་ཆེན་པོར་ཁ་དྲང་བའི་ཕྱིར་དུ་གང་ཟག་གི་བདག་ཡོད་པར་བསྟན་པའི་མདོ་ལྟ་བུ།
དངོས་ཟིན་གྱི་དོན་གཞན་དུ་དྲང་དགོས་པ་ནི། ཕ་མ་གསད་བྱར་གསུངས་པའི་དངོས་ཟིན་གྱི་དོན་སྒྲ་ཇི་
བཞིན་པར་ག
ཟུང་དུ་མི་རུང་བས་དེ་ལས་གཞན་དུ་ལས་དང་སྲེད་པ་གཉིས་ལ་དྲང་དགོས་པ་ལྟ་
བུའོ།
མཐར་ཐུག་གི་དོན་ལ་དྲང་དགོས་པ་ནི། སྦྱིན་པ་བཏང་བ་ལས་ལོང་ས་སྤྱོད་འབྱུང་བར་སྟོན་པ་ལྟ་བུ།
དེའི་དོན་སྒྲ་ཇི་བཞིན་པར་བཟུང་བས་ཆོག་མོད་ཀྱང་སྦྱིན་པས་ལོང་ས་སྤྱོད་རྒྱ་ཆེན་པོ་བསྐྱེད་པ་དེ་དེའི་ཡིན་
ལུགས་ཡིན་གྱི་དེ་མ་ཡིན་པའི་སྦྱིན་པའི་ཡིན་ལུགས་མེད་དོ་ཞེས་སྨྲ་བ་ལ།
སྦྱིན་པས་ཡིན་ལུགས་ནི་དེ་ཙ་མ་
མ་
ཡིན་གྱི་དེ་ལས་གཞན་དུ་དེའི་དེ་ཁོ་ན་ཉིད་འཚོལ་དགོས་སོ་ཞེས་འཆད་པ་ལྟ་བུའོ།
དྲང་དོན་གྱི་རྡོ་རྗེ་འཇིགས་བྱེད། བདེ་སྟོང་དབྱེར་མིད་ཀྱི་ཡེ་ཤེས་དེ་ཉིད་ཞལ་ཕྱག་པི་རྣམ་པར་ཤར་བའི་རྡོ་རྗེ་
འཇིགས་བྱེད།

དྲང་སྲོང་། ཁྱིམ་གྱི་འདུ་འཛི་དང་གཡེང་བ་སྤངས་ཏེ་དབེན་པར་སོང་ནས་ཏིང་ངེ་འཛིན་བསྒོམས་པས་བསམ་
གཏན་ལ་སོགས་པའི་ཡོན་ཏན་གོང་མ་ཐོབ་པ།
སྨོན་པའི་ཚིག་གིས་ཀྱང་གཞན་གྱི་ད་གོས་པ་སྒྲུབ་ནུས་ལ།
ང་ན་པའི་སྤྱོད་པ་གཡོ་སྒྱུ་སོགས་མེད་པར་ཤེས་རྒྱུད་དྲང་པོར་སྲོང་བའི་རྣལ་འབྱོར་པ་ལ་ཟེར། ཇི་སྐད་དུ།
འཁོར་བས་སྐྱོ་སྟེ་ནགས་སུ་སུ་སོང་། བསམ་གཏན་ཐོབ་སྟེ་མངོན་ཤེས་འཆར། དེ་ལ་མི་ཡི་དྲང་སྲོང་
ཟེར།
བསམ་གཏན་མ་ཐོབ་གྲོང་དུ་བབས། སྙན་ངག་སོགས་འཚོ་བྲམ་ཟེའི་རིརིགས། ཞེས་འབྱུང་བ་ལྟར་
རོ།
ཞེས་རྗེ་གུང་ཐང་པ་གསུང་། དྲང་སྲོང་གི་སྒྲ་ནི་ཕྱི་རོལ་པའི་དྲང་སྲོང་བདེན་ཚིག་གྲུབ་པ་དང་།
སངས་རྒྱས། ཉན་ཐོས། རང་རྒྱལ། ཐེག་ཆེན་འཕགས་པ་སྟེ་འཕགས་པའི་གང་ཟག་ཐམས་ཅ་ད་ལ»་འཇུག།
སངས་རྒྱས་ལ་འཇུག་པ་ནི། རྒྱུད་བླར། དེ་ནི་དྲང་སྲོང་གསུང་ཡིན་ལྡོག་པ་གཞན། ཞེས་ད་ང་། དེ་ཡང་
དྲང་སྲོང་བཀའ་བཞིན་སྤྱི་བོས་བླང་།
ཞེས་སོགསཤིན་ཏུ་མང་ང་ངོ་།
དྲ་ང་སྲོང་ཆེན་པོ། སངས་རྒྱས་ཀྱི་མཚན་གྱི་རྣམ་གྲངས་ཤིག། དམ་ཆོས་པམ་མ་དཀར་པོའི་མདོ་ལས། བསྐལ་པ་
བྱེ་བ་ཁྲག་ཁྲིག་
འདས་པར་ཡང་། རྒྱལ་བ་དྲང་སྲོང་ཆེན་པོ་རྙེད་པར་དཀའ། ཞེས་གསུངས།
དྲ་ང་སྲོང་མཆོག སངས་རྒྱས་ཀྱི་མཚན་གྱི་རྣམ་གྲངས་ཤིག། དམ་ཆོས་པདྨ་མ་དཀར་པོའི་མདོ་ལས། བདེ་བར་
གཤེགས་པའི་ཉན་ཐོས་རྣམས།
འདི་ན་ཇི་སྙེད་མཆིས་པ་ཀུན། དེ་ཡི་ནང་ན་བདག་མཆོག་ཅེས། དྲང་
སྲོང་མཆོག་གིས་བསྟན་
པ་ལགས། ཞེས་གསུངས།


tibetan OCR www.dharmabook.ru
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*