332
དྲ་ན་པའི་སྟོབས། དམིགས་པ་ལས་ཡེངས་ན་གཡེངས་པ་ན་སྔར་གྱི་དམིགས་པ་དྲན་ནས་ནང་དུ་སྡུད་པ་དང་།
དང་པོ་ནས་དྲན་པའི་ཤུགས་བསྐྱེད་དེ་དམིགས་པ་ལས་གཡེང་བར་མི་བྱེད་པའི་དྲན་པ་སྟོབས་ཆེ་བ་ཞིག་ལ་
ཟེར།
ཞི་གནས་བསྒྲུབ་པའི་སྟོབས་དྲུག་གི་གསུམ་པའོ། འདིས་བླན་ཏེ་འཇོག་པའི་སེམས་དང་ཉེ་བར་
འཇོག་པའི་སེམས་གཉིས་འགྲུབ་
པར་བྱེད་དོ།
དྲལ། ལྕམ་དྲལ་ཞེས་པའི་དྲ་ལ་ནི་མིང་པོའི་མིང་ཡིན་པར་བཤད།
དྲུ་གུ་རྦབ་ལ་བཏང་བ་ལྟར། ཆོས་དེ་དང་རྒྱང་ཇེ་རིང་དུ་སོང་བའི་དཔེ།
དྲུག་ལྡན་གླུ། ཕྲ་སྦོམ་འགྱུར་ཁུགས་འདེགས་འཇོག་སྟེ་ཡན་ལག་དྲུག་དང་ལྡན་པའི་གླུ། ཞེས་དངུལ་ཆུ་གསུ་ང་།
དྲི་བཅ་ས་རྣམ་རྫུན། ཀུན་རྫོབ་ཀྱི་སྣང་བ་ཐམས་ཅད་མ་རིག་བག་ཆགས་ཀྱི་ས་དབང་གིས་སྣང་བ་ཡིན་པས།
སངས་རྒྱས་ལ་ཀུན་རྫོབ་ཀྱི་སྣང་བ་མེད་པར་འདོད་པའི་རྣམ་རྫུན་པ་རྣམས་ས་སོ།
དྲི་མ་ཆོས་ཀྱི་དབྱིང་ས་སུ་དག་པ། སངས་རྒྱས་པ་ན་རང་བཞིན་རྣམ་དག་དང་། དྲི་མ་དང་བྲལ་བའི་གློ་བུར་
རྣམ་དག་གཉིས་
འདྲེས་ནས་སེམས་ཀྱི་ངོ་བོས་རང་བཞིན་ཆོས་ཉིད་ལ་སླར་མི་ལྡང་བའི་ཚུལ་གྱིས་སྙོམས་
པར་
ཞུགས་པས་ཉོན་མོངས་ཆོས་ད་བྱིངས་སུ་ཟད་པ་འགོག་བདེན་ལ་འཇོག་པའང་འདི་ལ་ཐུག་སྟེ། སྤྲིན་
ནམ་མཁའ་ལ་ཟད་པ་
ན་དགག་བྱ་ཐོག་རེག་བཀག་ཙ་མ་གྱི་སྟོང་སང་ལས་གཞན་མེད་པ་ལྟར་དྲི་མ་ཆོས་
དབྱིངས་སུ་ཟད་པ་
ན་ཆོས་ཉིད་ལས་ཟད་ཆ་གཞན་མེད་པས་སོ། ཞེས་གསང་བསྐྱེད་མི་བསྐྱོད་མགོན་པོའི་
ཞལ་ལས་
གསུངས།
དྲི་མ་དང་བྲལ་བ (4) སྐྱོན་དང་བྲལ་བ། ཡང་དག་པ། (2) ཟག་པ་མེད་པ། ཟག་མེད།
དྲི་མ་མེད་པ། དྲི་མེད་དང་དོན་འདྲ།
དྲི་མེད་། (4) ཡང་དག་པའམ་སྐྱོན་མེད་པ། རིང་ལུགས་དྲི་མ་མེད་པ་ཞེས་པ་ལྟ་བུ། (2) ཟག་མད། མཛོད་ལས།
ཆོས་མངོན་ཤེས་རབ་དྲི་མེད་རྗེས་འབྲང་བཅས། ཞེས་གསུང་ས་པ་ལྟར་རོ
དྲི་མེད་རྣམ་རྫུན་པ། ཀུན་རྫོབ་ཀྱི་སྣང་བ་མ་རིག་པ་དང་འབྲེལ་བ་གང་ཡང་མེད་པས། སངས་རྒྱས་ལ་ཀུན་རྫོབ་
ཀྱི་སྣང་བ་
ཡོད་པར་འདོད་པའི་རྣམ་རྫུན་པ་རྣམས་ས་སོ།
དྲི་གཙང་ཁང་། «གཁྲོུ་ལ»ལྷ་ཁང་སྦུག་མའི་མིང་། ལྷ་ཁང་། གཅུག་ལག་ཁང་སྤྱིའི་མིང་དུའང་འབོད།སྒྲ་བཤད་
ནི།
ཤིན་ཏུ་གཙ་ང་ཞིང་དད་པ་ཅན་དག་གིས་རྫས་དྲི་ཞིམ་པོ་དག་གིས་བྱུགས་པའི་ཕྱིར་དེ་ལྟར་དུ་བཏགས།
ཡང་ན་མཁས་ད་བང་དགེ་འདུན་ཆོས་འཕེལ་གྱིས་གསུངས་པ་ལྟར། སྤྱིར་གཙང་ནི་ཕུ་དང་གཙོ་བོ་སོགས་


tibetan OCR www.dharmabook.ru
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*