343
བདག་ལེགས་སུ་འ་དོད་པ། རང་གིས་རང་ལ་གཅེས་པའམ་ཤ་ཚ་བ།
བདུད་རྩི། པཨ་སྲ་ཏཌ འཆི་མེད་ད་མ་འཆི་བ་འཇོམས་བྱེད་ཀྱི་རྫས། སྒྲ་བཤད་ནི། འཆི་བདག་གི་བདུད་འཇོམས་
བྱེད་ཀྱི་
རྩི་ཡིན་པས་ན་བདུད་རྩི་ཞེས་བྱའོ།
བདུད་རྩི་ལྔ། དྲི་ཆེན། སྐུག་པ་ ཁྲག་ བྱང་སེམས་དཀར་པོ། [ཁུ་བའམ་ཐིག་ལེ་ རྐང་མ
བརླ་རྐང་དང་དབུང་རྐང་ནང་གི་མར། དྲི་ཆུ་དང་ལྔའོ། གཅིན་པ་ དེ་རྣམས་ལ་སྒྲོན་མེ་ལྔ་ཡ་ང་ཟེར།
བདུད་རྩི་ལྔའི་དོད། དྲི་ཆེན་གྱི་དོད་ལ་ཛཱ་ཏི། རཀྟའི་དོད་ལ་ཙ་ནྡན་དམར་པོ། བྱང་སེམས་ད་ཀར་པོའི་དོད་ལ་
ཅུ་གང་། དྲི་ཆུའི་དོད་ལ་ཁྲུས་ཆུ། རྐང་མར་གྱི་དོད་ལ་ཨ་རུ་གསེར་མདོག་གམ་བུ་རམ་བཅས་སོ།
བདུད་རྩིའི་སྤུན་ཟླ་གཉིས་པ། (4) དམ་པའི་ཆོས་ལ་ཟེར། བདུད་རྩི་ནི་ནད་འཇོམས་པ་ལ་ཕུལ་དུ་བྱུང་བ་ལྟར།
ཆོས་འདི་ཡང་ཉོན་མོང་ས་པའི་ནད་འཇོམས་པ་ལ་ཕུལ་དུ་ཕྱིན་པ་ཡིན་པས། བདུད་རྩིའི་དོ་ཟླར་འོས་པ་
ཞེས་བརྗོད། (2) གླ་རྩིའི་མིང་ཡིན་པར་ཡང་བཤད་།
བདུད་བཞི། ཕུང་པོའི་བདུད། ཉོན་མོངས་པའི་བདུད་། འཆི་བདག་གི་བདུད། ལྷའི་བུའི་བདུད་དང་བཞི།
བདུད་བཞི་ཕྲ་རགས། བདུད་བཞི་ནི། ཕུང་པོའི་བདུད། ཉོན་མོངས་པའི་བདུད། འཆི་བདག་གི་བདུད། ལྷའི་བུའི་
བདུད་དང་བཞིའོ།
ཕུང་པོའི་བདུད་ཕྲ་རགས ཕུང་པོའི་བདུད་རགས་པ་ནི། ཤ་རུས་མདོས་བཅ་ས་ཀྱི་ད་
ལྟའི་རང་
རེའི་ཕུང་པོ་རགས་པ་འདིའོ། ཕུང་པོའི་བདུད་ཕྲ་མོ་ནི། མ་རིག་བག་ཆགས་ཀྱི་ས་དང་། ཟག་
མེད་ཀྱི་ལས་ལ་བརྟེན་ནས་བྱུང་བའི་ཡིད་
ཀྱི་རང་བཞིན་གྱི་འཕགས་རྒྱུད་ཀྱི་ལུས་ལ་ཟར། ཉོན་མོངས་པའི་
བདུད་ཕྲ་རགས
ཉོན་མོངས་པའི་བདུད་རགས་པ་ནི། རྩ་ཉོན་དྲུག ཉེ་ཉོན་ཉི་ཤུ་ལྟ་བུའོ། ཉོན་མོང་ས་
པའི་བདུད་ཕྲ་མོ་ནི།
དགྲ་བཅོམ་པའི་རྒྱུད་ཀྱི་ཉོན་མོངས་པའི་བག་ཆགས་ལྟ་བུ་ལ་ཟེར། འཚི་བདག་གི་བདུད་
ཕྲ་རགས
འཆི་བདག་གི་བདུད་རགས་པ་ནི། ལས་ཉོན་གྱིས་དབང་གིས་འཆི་བ་ལ་ཟེར། འཆི་བད་ག་གི་
བདུད་ཕྲ་མོ་ནི།
འཕགས་རྒྱུད་ཀྱི་བསམ་གྱིས་མི་ཁྱབ་པའི་འཆི་འཕོ་བ་ལྟ་བུ་ལ་ཟེར། ལྷའི་བུའི་བདུད་ཕྲ་
རགས
ལྷའི་བུའི་བདུད་རགས་པ་ནི། གཞན་འཕྲུལ་ད་བང་བྱེད་ཀྱི་བདག་པོ་དགའ་རབ་ད་བང་ཕྱུག་ག་གོ།
དེས་མདའ་ལྔ་འཕངས་ཏེ། སྐྱེ་བོ་རྣམས་ཆོས་ཀྱི་ཚུལ་ལས་ཉམས་པར་བྱེད་དོ། ལྷའི་བུའི་བདུད་ཕྲ་མོ་ནི།
བདུད་གཞན་གསུམ་གང་རུང་ལས་མི་འདའ་བར་བྱེད་པའི་རྣམ་གཡེང་ལ་བཤད།
བདུན་མཐོ་བ། ༿སང་ས་རྒྱས་ཀྱི་མཚན་བཟང་ཞིག་སྟ། མངོན་རྟོགས་རྒྱན་ལས། འདི་ཡི་སྐུ་ནི་བདུན་དག་མཐོ་
བ་དང་།
ཞེས་གསུང་ས་པ་ལྟར། ཕྱག་ཞབས་ཀྱི་རྒྱབ་བཞི། ཕྲག་པའི་བར་གཉིས། ལྟག་པ་སྟེ་བདུན་མཐོ་བ་


tibetan OCR www.dharmabook.ru
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*
*